国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年05月14日

གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི(རྒྱ་ཆེའི)ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལོ་ཆིན་ཝུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྲིད་གཞུང་གི་ཏང་ཙུའི་ལག་བསྟར་དོན་འཁྱོལ་སྐོར་གྱི་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་དང་ཁྲུང་ཆིང་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་དུ་ནུབ་རྒྱུད་གསར་སྤེལ་ཆེན་པོའི་ལེའུ་གསར་དུ་རྩོམ་པ་ལ་ལས་ཀའི་གཙོ་གནད་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ཡོད་པས། སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་པ་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་གྲོང་ཨུད་ཀྱི“22445”སྤྱིའི་ལས་ཀ་སྒྲུབ་ཕྱོགས་ལ་དམིགས་ཏེ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་གསར་སྤེལ་ཆེ་མོའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ལ་ནམ་ཡང་དམ་འཛིན་ཡག་པོ་བྱས་ནས། ཆབ་མདོའི་བྱ་གཞག་ཁག་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། དེ་ཡང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་ལས་འགན་གཙོ་བོར་སྟངས་འཛིན་ནན་པོ་བྱེད་དེ་ཞིང་འབྲོག་ཐོན་ལས་ནི་རྨང་གཞི་ཅན་དང་ཕན་འབྲས་ཅན་དུ་བསྒྱུར་ཏེ་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་གསར་པ་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས་ཤིང་། ནུས་རྒྱུ་གཙང་མ་དང་། བོད་ལུགས་གསོ་རིག་དང་བོད་སྨན་བཟོ་གྲྭའི་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་སོགས་གཙོ་གནད་ལས་དོན་ཁག་ལ་མུ་མཐུད་སྐུལ་འདེད་གཏང་དགོས་ལ། ཆབ་མདོའི་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་དྲིལ་བསྒྲགས་འོས་སྦྱོར་ཤུགས་ཆེན་བྱེད་པ་དང་ཁྱད་ལྡན་སྤུས་ལེགས་ཀྱི་ཐོན་ལས་རྣམས་འཕེལ་རྒྱས་ཆེ་རུ་གཏང་དགོས། དེ་བཞིན་འཕེལ་རྒྱས་གཏོང་རིམ་དུ་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་མཐའ་འཁྱོངས་དང་། “ཡོང་འབབ་མང་དུ་གཏོང་ཐབས་ཁག་བཅུ”དོན་ཐོག་ཏུ་འཁྱོལ་བར་མུ་མཐུད་སྐུལ་འདེད་གཏོང་བ། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་བྱ་བར་དམ་འཛིན་ཡག་པོ་བྱེད་པ། སློབ་གསོའི“འགན་ལེན་གསུམ”གྱི་ལས་གཞིར་སྐུལ་སྤེལ་གཏོང་བ། བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་མ་ལག་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས་པར་མ་ཟད། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ཧུར་ཐག་འཛུགས་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། རྫོང་ཆུས11པོ་ཐམས་ཅད་སྒོ་དབྱེ་རྒྱུར་སྐུལ་འདེད་གཏོང་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱིམ་མཚེས་ས་ཁུལ་དང་སྤེལ་རེས་མཉམ་ལས་ཀྱི་ཐབས་ལམ་གཏོད་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་སྤྱོད་གཉིས་ཀ་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ། ལས་འཛོལ་གྱི་བསླབ་བྱ་གདམས་པར་ཤར་ཏེ་དམ་དོན་གཉེར་གྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་རྒྱུན་ཆད་མེད་པར་ཡག་པོ་བསྒྲུབས་ཐོག་མི་མངོན་པའི་རྐྱེན་ངན་སེལ་རྒྱུ་དང་ཉེན་ཁ་སྔོན་འགོག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཞོད་འཇགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།