国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年05月14日

ལའོ་ཆིན་འུའུ་ཡིས་ཆབ་མདོའི་གྲོང་ཁུལ་གཙོ་བོར་བརྟག་ཞིབ་གནང་སྐབས།

གྲོང་ཁྱེར་གྱི་གསོན་ཤུགས་འཕེལ་བ་དང་གྲོང་ཁྱེར་གྱི་འགུག་ཤུགས་ཆེ་རུ་བཏང་སྟེ། ས་མཐོའི་སྡོད་མལ་ལ་འཚམ་པའི་གྲོང་ཁྱེར་བཅོས་སྐྱོང་གི་ལམ་བུ་གསར་པའི་ཐོག་བསྐྱོད་དགོས་པའི་ནན་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5པའི་ཚེས་8ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལའོ་ཆིན་འུའུ་ཡིས་ཁ་རུབ་ཆུས་མར་ཐང་དང་། རྫ་ཟམ། སྟག་རྩ་ཐང་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཅས་སུ་ཕེབས་ཏེ་ཁུལ་ཆུང་འཛུགས་སྐྲུན་དང་། སྡེ་ཁུལ་འཁོར་སྤྱོད། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་གྲོང་ཁྱེར་དོ་དམ་ལས་དོན་དེ་ཚན་རིག་ཅན་དང་། ཞིབ་ཕྲ་ཅན། མི་ཆོས་རིག་གནས་བཅས་ལ་ཤུགས་སྣོན་བརྒྱབ་ནས་ས་མཐོའི་སྡོད་མལ་ལ་འཚམ་པའི་གྲོང་ཁྱེར་བཅོས་སྐྱོང་གི་ལམ་བུ་གསར་པའི་ཐོག་བསྐྱོད་དགོས་པའི་ནན་བཤད་གནང་ཡོད།

བདེ་སྐྱིད་ཁུལ་ཆུང་དུ། ལའོ་ཆིན་ཝུའུ་ཡིས་ཡུལ་དངོས་ནས་ཁུལ་ཆུང་རྙིང་པའི་ཁང་པའི་གནས་ཚུལ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་མ་ཟད། གྲོང་མི་དང་བྱམས་བརྩེའི་ངང་བསམ་ཚུལ་བཤད་རེས་བྱས་པ་དང་། ཁོ་ཚོའི་བསམ་འཆར་དང་གྲོས་འགོར་གསན་ཡོད།ཁོང་གིས་ཁུལ་ཆུང་རྙིང་པ་འཛུགས་སྐྲུན་བྱ་རྒྱུ་ནི་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་ལས་གྲྭ་གལ་ཆེན་ཞིག་ཡིན་པས།

མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་སྔོན་ལ་ལག་བསྟར། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བར་མཐོང་ཆེན། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་མི་ཚོགས་ཀྱི་དཀའ་གནད་སེལ་གང་ཐུབ་བཅས་བྱས་ཏེ། སྲིད་གཞུང་གི་ཁ་དན་ཚིག་གནས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

གྲོང་ཁྱེར་ལྟེ་གནས་ཀྱི་རླངས་འཁོར་འཇོག་ས་འཛུགས་སྐྲུན་གྱི་འཆར་འགོད་ལ་བརྟག་ཞིབ་གནང་སྐབས། ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་གྱི་སྲང་ལམ་ས་ཆ་བེད་སྤྱོད་དང་། བཀོད་སྒྲིག་ལུགས་མཐུན། མཁོ་སྤྲོད་ལོགས་དབྱེ་བཅས་བྱ་རྒྱུར་དོ་སྣང་བྱེད་པ་དང་། ས་ཆའི་བར་སྟོང་གི་ཕན་ནུས་ཆེ་ཤོས་འདོན་སྤེལ་གང་ལེགས་བྱ་དགོས། ས་ཁོངས་མི་འདྲ་བའི་ད་ལྟའི་གནས་ཚུལ་ལ་གཞིགས་ནས། འཛུགས་སྐྲུན་གྱི་ཇུས་གཞི་ཚན་རིག་ལ་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཏེ། མཐའ་འཁོར་གྱི་ད་ཡོད་ཨར་ལས་དང་། སྒྲིག་བཀོད། དེ་བཞིན་ཁོར་ཡུག་བཅས་དང་མཐུན་སྦྱོར་དང་མཉམ་འདྲེས་ཀྱི་ཕན་འབྲས་ཐོན་པར་བྱ་དགོས། ཁ་རུབ་ཆུས་མར་ཐང་དང་། སྟག་རྩ་ཐང་། རྫ་ཟམ་བཅས་ཁྲོམ་གཞུང་དོན་གཅོད་ཁང་གསུམ་བཙུགས་པ་དེས། གྲོང་ཁྱེར་གྱི་བཀོད་པ་སྔར་བས་ལེགས་སུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ཟབ་ཏུ་གཏོང་བ། ས་ཁོངས་འཕེལ་རྒྱས་ལ་སྐུལ་ཁྲིད་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལའོ་ཆིན་འུའུ་ཡིས་སྔ་རྗེས་སུ་རྫ་ཟམ་དང་། སྟག་རྩ་ཐང་ཁྲོམ་གཞུང་དོན་གཅོད་ཁང་དུ་གཞུང་དོན་སྒྲུབ་སར་ཕེབས་ནས། གཞུང་དོན་སྒྲུབ་ཡུལ་ལ་ལྟ་ཞིབ་ནན་ཏན་བྱས་ཏེ། སྡེ་ཁུལ་གྱི་ལས་དོན་འཁོར་སྐྱོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཁྲོམ་གཞུང་དོན་གཅོད་ཁང་འཛུགས་པ་ནི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ཚད་བརྒལ་ཆེ་ཤོས་རེད། སྡེ་ཁུལ་གྱི་སྣེ་གཅིག་ཏུ་ཏང་ཨུད་དང་སྲིད་གཞུང་ལ་འབྲེལ་ཡོད་པ་དང་། སྣེ་གཅིག་ཡུལ་མི་མང་ཚོགས་ལ་འབྲེལ་ཡོད་པས། གཞི་རིམ་གྱི་ལས་དོན་ཁག་གི་གཞི་ཚུགས་ས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མདུན་གྲལ་དུ་སླེབས་ཡོད་ལ།ཁྲོམ་གཞུང་དང་སྡེ་ཁུལ་ཁག་གིས་ཁོངས་གཏོགས་ཁུལ་གྱི་ཁྱད་ཆོས་དང་གྲོང་ཁྱེར་གྱི་གྲོང་མིའི་གྲུབ་ཆ་གསལ་རྟོགས་བྱེད་པ་དང་། རིག་ལྡན་གྲངས་གཞིའི་མཛོད་འཛུགས་པ། ལམ་སྲོལ་འཁོར་སྐྱོད་དང་། དོ་དམ་རྣམ་པ། ཞབས་ཞུའི་ཆུ་ཚད། ནུས་པ་མཐོར་གཏོང་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་རྒྱབ་ནས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་ཅིང་། སྡེ་ཁུལ་གྱི་ལས་དོན་མི་སྣས་སྡེ་ཁུལ་གྱི་ཏང་ཡོན་རྒན་གྲས་དང་། གྲོང་མི་རྒན་གྲས་ཡུག་གཅིག་ཏུ་སྦྲེལ་ནས་ཁོང་ཚོའི་ཉམས་མྱོང་གི་ལེགས་ཆ་དང་དབང་གྲགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་དགོས་ལ། རྒྱ་ཆེའི་གྲོང་མི་ཐུན་མོང་ཐོག་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་པར་ཁྲིད་སྟོན་བྱེད་ནས་མཉམ་སྐྲུན་མཉམ་སྤྱོད་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་ཞིག་ཆགས་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

བརྟག་ཞིབ་བྱེད་རིང་། ལའོ་ཆིན་འུའུ་ཡིས་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་འགན་འཁུར་ཕོད་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བསམ་ཕྱོགས་དབྱེ་འབྱེད། འདུ་ཤེས་གསར་གཏོད་བྱེད་ཅིང་། ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་གྱི་འཐབ་ཇུས་གནད་ལ་འཁེལ་བར་འཚོལ་བ་དང་།གྲོང་ཁྱེར་བཅོས་སྐྱོང་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་སྟེ་འཚོ་བ་ཅན་དང་། མི་ཆོས་རིག་གནས། མི་གཤིས་ཅན། དེང་རབས་ཅན་བཅས་ཀྱི་ས་མཐོར་གནས་སྐྱིད་ལས་འཚམས་ཀྱི་གྲོང་ཁྱེར་བསྐྲུན་པར་ཤུགས་སྣོན་རྒྱག་དགོས་ལ། གྲོང་ཁྱེར་གྱི་ནུས་པ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ།གློག་སྤྱོད་ཟད་གྲོན་ཆུང་དུ་གཏོང་བ། འོད་ཀྱི་སྦགས་བཙོག་ཉུང་དུ་གཏོང་བ་བཅས་བྱེད་ནས། མི་དམངས་མང་ཚོགས་ལ་སྐྱིད་སྣང་དང་། ཁོངས་གཏོགས་བསམ་པ། ཐོབ་སྣང་བཅས་སྔར་བས་ཆེ་རུ་གཏོང་དགོས། ཁོར་ཡུག་བཅོས་སྒྲིག་ལ་སྔར་བས་སྣང་ཆེན་བྱེད་པ་དང་། ཡུལ་བབ་ལ་བསྟུན་ནས་སྤྲོ་གསེང་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ། གྲོང་ཁྱེར་གྱི་སྔོ་ལྗང་ཚད་གཞི་དང་དྲོད་ཚད་མཐོ་རུ་གཏོང་བ་བཅས་བྱེད་ནས“གནས་སྐྱིད་ལས་འཚམ་ཡོང་བའི”རྨང་གཞི་ཡག་པོ་འདིང་དགོས་ཞེས་ནན་བཤད་གནང་ཡོད།