国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年05月14日

ཆབ་མདོས“གྲོང་སྤྱི་ཡིས་སྣེ་ལེན་ཞུ་བའི་ཉིན་མོ”ཐོག་མ་བསུས་པ།

ཁེ་ལས་པས་ཁེ་ལས་པའི་ཁྱིམ་གཞི་རུ་ཕན་ཚུན་སྤེལ་རེས་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5ཚེས10ཉིན་ཆབ་མདོ་གྲོང་ཁྱེར་ཁེ་ལས་པའི་ཁྱིམ་གཞི་དངོས་སུ་སྤྱོད་མགོ་ཚུགས་པ་དང་། དེས་ཆབ་མདོ་གྲོང་ཁྱེར་གྱིས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་དངོས་ཡོད་བྱ་སྤྱོད་དང་། རང་སྐྱོང་ལྗོངས་ཀྱི“ཡིད་རྟོན་གྱི་སྲིད་གཞུང་འཛུགས་སྐྱོང་ལོའི”དང་གྲོང་ཨུད་ཀྱི“ཁོར་ཡུག་བཅོས་སྒྲིག་ལོའི”ལས་དོན་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་ཞིབ་ཕྲའི་ལག་ལེན།

ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་སྟེ་ཚོང་གཉེར་བྱེད་པོའི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་པའི་གསར་གཏོད་བྱ་ཐབས་བཅས་ཡིན།

ཁེ་ལས་པའི་ཁྱིམ་གཞི་ལས་སྟེགས་ནི་མཉམ་ལས་སྤེལ་རེས་དང་། སྲིད་ཁེ་འབྲེལ་མཐུད། ཁྲིམས་ལུགས་ཞབས་ཞུ། རེ་ཞུ་བསྡུ་རུབ་དང་ལེགས་སྒྲུབ། ཁེ་ལས་རྣམ་གྲངས་འོས་སྦྱོར་སོགས་གཅིག་འཐུས་རྣམ་པའི་ཞབས་ཞུ་འདུས་པའི་ཕན་ནུས་ཆེ་བའི་སྤེལ་རེས་སྟེགས་བུ་ཞིག་ཡིན་ཞིང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་སྣེ་ལེན་སྟེགས་བུ་ཐོག་མའི་ཁོངས་སུ་གཏོགས་པ་དང་མིག་སྔར“12345”སྟེགས་བུ་དྲ་ཐོག་ཏུ་འབྲེལ་མཐུད་ཐུབ་ཡོད།

ཉིན་དེར་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཁེ་ལས་པའི་ཁྱིམ་གཞི་སྤྱོད་འགོ་ཚུགས་པའི་མཛད་སྒོ་དང་“གྲོང་སྤྱི་ཡིས་སྣེ་ལེན་ཞུ་བའི་ཉིན་མོའི”བྱེད་སྒོར་ཞུགས་པ་མ་ཟད་ཆབ་མདོ་གྲོང་ཁྱེར་བུད་མེད་ཁེ་ལས་མཐུན་ཚོགས་དང་། ཏཱ་རོང་ཧྥ་སྒོ་རྩིས་ཚོང་ཁང་། ཐང་ག་མཐུན་ཚོགས་སོགས་ཁེ་ལས་དག་གི་འགན་འཁུར་བའི་རེ་འདུན་གསན་པ་དང་ཆབས་ཅིག་ཚང་མས་དོ་སྣང་ཆེ་ཤོས་ཀྱི་གནད་དོན་རེ་རེ་བཞིན་ལན་བརྒྱབ་སྟེ་འབྲེལ་ཡོད་ཚན་ཁག་ལ་ཁེ་ལས་པས་བཏོན་པའི་རེ་འདུན་ཕྱོགས་ཡོངས་ནས་དག་སྒྲིག་ཡག་པོ་བྱས་ནས་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ད་ཐེངས“གྲོང་སྤྱི་ཡིས་སྣེ་ལེན་ཞུ་བའི་ཉིན་མོའི”བྱེད་སྒོ་སྤེལ་ཡུལ་དངོས་སུ་གནད་དོན10ཐག་གཅོད་བྱས་པ་དང་དོན་དག་ཁག3རྩིས་སྤྲོད་བྱས་པ་རེད། གོམ་སྟབས་རྗེས་མར་གྲོང་ཁྱེར་སྲིད་གཞུང་གི་གྲོང་སྤྱི་དང་གྲོང་སྤྱི་གཞོན་པས་ཟླ་རེའི་ཚེས10ཉིན་ཁེ་ལས་པའི་ཁྱིམ་དུ་གཞུང་ལས་བསྒྲུབ་རྒྱུ་དང་ཁེ་ལས་ཀྱི་རེ་འདུན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།