国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年05月14日

ཆབ་མདོ་གྲོང་ཁྱེར་ཕུལ་བྱུང་རིག་རྩལ་ལེ་ཚན་ ཧྥུའུ་ཅན་དུ་སྐོར་སྐྱོད་འཁྲབ་སྟོན་བྱས་པ།

ཧྥུའུ་ཅན་བོད་ལྗོངས་བརྩེ་བ། ཁྱིམ་ཚང་གཅིག་ལྟར་ཟབ་པ།

འཁྲབ་སྟོན་བྱ་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་ལྔ་པ་ནི་མེ་ཏོག་བཞད་པའི་དུས་དང་། ངལ་རྩོལ་བྱེད་པའི་དུས། དྲིན་ལན་འཇལ་བའི་དུས་བཅས་ཡིན། ཟླ5པའི་ཚེས10ཉིན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཧྥུའུ་ཅན་ཟློས་གར་ཁང་དུ་གློག་འོད་རྣམ་པར་བཀྲ་ཞིང་དྲོད་སྐྱིད་དང་དགོད་སྒྲས་ཁེངས་ཡོད།བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁམས་པའི་རིག་གནས་སྒྱུ་རྩལ་ཚོགས་པས་ལོ་ངོ་གང་མང་རིང་གསར་བཟོ་བྱས་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས13ལས་གྲུབ་པའི་“ཧྥུའུ་ཅན་བོད་ལྗོངས་བརྩེ་བ། ཁྱིམ་ཚང་གཅིག་ལྟར་ཟབ་པ”ཞེས་པའི་ཧྥུའུ་ཅན་དུ་བསྐྱོད་དེ་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་ཐོག་མ་གནས་འདི་ནས་གཟབ་རྒྱས་ངང་སྤེལ་བ་རེད།

ཧྥུའུ་ཅན་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ཁོངས་མིའི་ཚན་པ་ཁག་དང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མི། ཧྥུའུ་ཅན་ཡོད་པའི་ཐའེ་དབན་གྱི་གཞོན་ནུའི་འཐུས་མི་སོགས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་800ལྷག་ཙམ་གདན་ཞུས་ལྟར་འཁྲབ་སྟོན་ལ་གཟིགས་པ་རེད།

འཁྲབ་སྟོན་མ་བྱས་གོང་ཧྥུའུ་ཅན་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ་ཅང་ཨེར་ཞུང་དང་ཧྥུའུ་ཅན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཤན་ཞང་གིས་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཆི་དབྱིན་ཧའེ་ཡིས་སྣེ་ཁྲིད་པའི་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་ཚོགས་པའི་འཐུས་མི་དང་མཇལ་འཛོམས་གནང་བ་རེད།

ལོ་ངོ་སུམ་ཅུའི་རིང་ཧྥུའུ་ཅན་ཞིང་ཆེན་གྱི་རིམ་ཁག་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་རིག་གནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། རིག་གནས་སྒྲིག་བཀོད་རོགས་སྐྲུན། རིག་གནས་སྤེལ་རེས་སོགས་རིག་གནས་གསོ་སྐྱོང་བྱེད་སྟངས་བརྒྱུད་ནས་གནའ་བོའི་ཤེས་དཔལ་གྱི་བོད་ཀྱི་རིག་གནས་འཁྲབ་སྟོན་བྱས་ཏེ་དར་རྒྱས་ཡུན་རིང་བྱུང་བའི་ཧྥུའུ་ཅན་རིག་གནས་གཏིང་ཟབ་ཏུ་བཏང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུར་བསམ་པའི་གཟན་ཆས་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད།