国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年04月30日

གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས25ཉིན་ནས་ཚེས26ཉིན་བར། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པ་འཚོགས་པ་དང་། ཚོགས་འདུ་ལ་ཞུགས་དགོས་པའི་རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ45དང་དངོས་སུ་མི30ཞུགས་ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད། གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཆིས་ཡན་ཧའེ་ཡིས་ཚོགས་འདུར་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུའི་ཐོག་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ཆབ་མདོ་གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་ལོ་འཁོར་གྱི་གཙོ་གནད་ལས་དོན》《ཆབ་མདོ་གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་ལོ་འཁོར་གྱི་ལྟ་སྐུལ་ལས་དོན་གྱི་འཆར་གཞི》《ཆབ་མདོ་གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་ལོ་འཁོར་གྱི་འཐུས་མིའི་ལས་དོན་འཆར་གཞི》དང《ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་བསྐོ་གཞག་མ་བྱས་གོང་གི་རྩ་ཁྲིམས་ཀྱི་ཤེས་བྱའི་ཤེས་བྱའི་རྒྱུགས་ལེན་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་ལ་བསམ་འཆར་བསྡུ་ལེན་བྱས་པ་རེད།

ཚོགས་འདུའི་ཐོག2023ལོའི་ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་གནས་བབ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་ཚད་ལེགས་གྲུབ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྱོང་དེ་བཞིན་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་དོན་གནས་ཚུལ་སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྙན་ཞུ་དང་།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ན་མ་སོན་པ་སྐྱེ་བོའི་ཉེས་གསོག་སྔོན་འགོག་གི་རྩ་ཁྲིམས》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་བོ་ལོ་ན་མ་སོན་པའི་སྲུང་སྐྱོབ་བཅའ་ཁྲིམས》དང་《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་བོ་ལོ་ན་མ་སོན་པའི་སྲུང་སྐྱོབ་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》ལག་བསྟར་བྱས་ཚུལ་གྱི་སྙན་ཞུ། 2024ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་སྙན་ཞུ། འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་གི་སྙན་ཞུ་དང་འབྲེལ་ཡོད་གོ་གནས་བསྐོ་འཐེན་སོགས་ཀྱི་དོན་ཚན་ལ་གསན་པ་དང་གྲོས་ཞིབ་བྱས་ཡོད།

ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་དེ་གའི2024ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་གྲོས་ཆོད》དང་གོ་གནས་བསྐོ་འཐེན་སོགས་ཀྱི་དོན་ཚན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

ཆིས་ཡན་ཧའེ་ཡིས་ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་བརྟན་དུ་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་རྒྱུན་འཁྱོངས་བྱས་ནས་ཁྲིམས་འཛུགས་ཀྱི་ལས་ཆོད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས། ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་མཐའ་འཁྱོངས་བྱས་ཏེ་ལྟ་སྐུལ་གྱི་མཁྲེགས་གཤིས་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྔར་ལས་ལེགས་པར་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱ་དགོས།“ལས་ཁུངས་བཞིའི”གནས་ངེས་དང་བླང་བྱ་མཐའ་འཁྱོངས་བྱས་ཏེ་མི་དམངས་འཐུས་ཚོགས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་རིང་མི་དམངས་འཐུས་ཚོགས་ཀྱི་ནུས་པ་འདོན་སྤེལ་དང་མི་དམངས་འཐུས་ཚོགས་ཀྱི་བྱས་རྗེས་རྒྱུན་ཆད་མེད་པར་འཇོག་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡེ་གོ་རུང་དང་། ཡན་ཆི་ཁྲུའུ། ལི་ཡུས་ལེ་བཅས་ཚོགས་འདུར་ཞུགས་པ་རེད། གྲོང་ཁྱེར་སྲིད་གཞུང་གི་གྲོང་སྤྱི་གཞོན་པ་ཝུའུ་ཅན་ཚོགས་འདུར་ཟུར་ཞུགས་གནང་ཡོད།