ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”སྐོར་གླེང་བ(2023ལོའི་པར་གཞི)》དེབ་ཀྱི་དབྱིན་ཡིག་དཔར་མ་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་བཀྲམ་པ་རེད།
《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”སྐོར་གླེང་བ(2023ལོའི་པར་གཞི)》དེ་ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་ཤིང་། དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2013ལོའི་ཟླ་9པ་ནས་2023ལོའི་ཟླ་11པའི་བར་གྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྐོར་གྱི་ཡིག་ཆ་གལ་ཆེན་ཁག་78བསྡུས་ཡོད། དེབ་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཛུབ་ཁྲིད་རྩ་དོན་དང་། ཕུན་སུམ་ཚོགས་པའི་ནང་དོན། དམིགས་ཚད་ཐབས་ལམ་སོགས་རྒྱས་བཤད་གཏིང་ཟབ་གནང་བ་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་ཀྲུང་གོའི་གྲོས་འགོ་ནས་རྒྱལ་སྤྱིའི་ལག་ལེན་དུ་འགྱུར་བ་དང་། འདུ་ཤེས་ནས་བྱ་སྤྱོད་དུ་འགྱུར་བ། ཕུགས་འདུན་ནས་དོན་དངོས་སུ་འགྱུར་བ་མངོན་ཡོད་ལ། ཐབས་འདོན་ཇུས་འགོད་ཀྱི“དོན་བྲིས་རི་མོ་ཆེན་པོ”ནས་དེ་ལས་ཞིབ་ཚགས་པའི“ཞིབ་བྲིས་རི་མོ”བཅས་བར་གྲུབ་འབྲས་ཏན་ཏིག་དང་ཡག་པོ་ཐོབ་ནས་དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཞིག་ཏུ་གྱུར་ཡོད།
དེབ་འདིའི་དབྱིན་ཡིག་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཕྱི་རྒྱལ་གྱི་ཀློག་པ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འདུ་ཤེས་དང་། བྱེད་ཐབས། དམིགས་ཚད། གྲུབ་འབྲས་བཅས་ཤེས་རྟོགས་གཏིང་ཟབ་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་འཛིན་དང་བསམ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”གིས་རྒྱལ་ཁབ་དང་མི་དམངས་དེ་བས་མང་བར་ཕན་པ་ཐོབ་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།