འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3ཚེས22ཉིན། ཆབ་མདོ་གྲོང་ཁྱེར་གྱིས2024ལོའི་མེ་ཟོན་ལས་དོན་གྱི་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝུའུ་དབྱིང་ཧུའེ་ཚོགས་འདུར་ཞུགས་ཏེ་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་མེ་ཟོན་བདེ་འཇགས་ཀྱི་རྩ་འཛུགས་འགོ་ཁྲིད་དང་སྤྱི་འདོམས་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། མེ་ཟོན་བདེ་འཇགས་ཀྱི་བཅོས་སྒྲིག་ལས་དོན་དང་གྲོང་ཁྱེར་ཡོངས་ཀྱི་གསར་གཏོད་ལས་དོན་ལ་སྤྱི་འདོམས་ཤུགས་སྣོན་རྒྱག་དགོས་ཤིང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་རང་འགུལ་ངང་ལས་དོན་སྒྲུབ་པ། དངོས་སྒྲུབ་གསར་གཏོད་བཅས་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དང་བྱ་ཐབས་ཁག་དམ་འཛིན་ནན་པོ་བྱེད་དགོས་ཤིང་། 2024ལོའི་མེ་ཟོན་བདེ་འཇགས་ཀྱི་ལས་འགན་དོན་འཁྱོལ་ཧུར་ཐག་དང་མེ་ཟོན་བདེ་འཇགས་ཀྱི་ལས་འཛོལ་འགོག་ཟོན་ནུས་ལྡན་བྱེད་པ། མེ་ཟོན་བདེ་འཇགས་ཀྱི་ལས་འཛོལ་ལ་ཁ་གཏད་ནུས་ལྡན་གཅོག་པ།གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བཅས་བྱས་ཏེ་དུས་རབས་གསར་པའི་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་མེ་ཟོན་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག2023ལོའི་ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བདེ་འཇགས་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་ཆབས་ཅིག《2023ལོའི་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཨུ་ལྷན་གྱི་མེ་ཟོན་ལས་དོན་དེ་ཕུལ་བྱུང་གི་རིམ་པར་གཏན་འཁེལ་བྱས་པའི་མཉམ་སྡེབ་དང་མི་སྒེར་གྱི་མིང་ཐོ》སྒྲོག་སྦྱང་བྱས་ནས་བྱ་དགའ་སྤྲད་པ་དང་དེ་བཞིན《2024ལོའི་ཆབ་མདོ་གྲོང་ཁྱེར་གྱི་མེ་ཟོན་བདེ་འཇགས་དམིགས་ཚད་འགན་འཁྲིའི་ཡི་གེར》མིང་རྟགས་བཀོད་དེ་འབྲེལ་ཡོད་རྫོང་ཆུས་དང་གྲོང་ཁྱེར་ཐད་གཏོགས་ཚན་པས་གཏམ་བཤད་སྤེལ་རེས་བྱས་པ་རེད།

