འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས21ཉིན་ཁ་རུབ་ཆུས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་རྟེན་གཞིའི་རིགས་གཞུང་སྒྲོག་འགྲེལ་དང་བླངས་ཞབས་ཞུ་རུ་ཁག་གིས་ཆུས་གྲོང་གསེབ་དར་རྒྱས་ཅུད་དང་མཉམ་འབྲེལ་སྒོས་རྒྱལ་ཡོངས་ཤེས་དཔལ་གྲོང་རྡལ་ཐང་སྐྱ་གྲོང་ཚོར་སོང་ནས“གྲོང་སྲོལ་དམངས་ཆིངས་ལག་ལེན་བསྟར་ནས་ཡ་རབས་གོམས་སྲོལ་དར་སྤེལ་གཏོང་བའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ཁྲོད་དང་བླངས་པས་མང་ཚོགས་ལ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས《ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ཀྱི་སྐུལ་སྤེལ་སྲོལ་ཡིག》ལེའུ་གཉིས་པའི་ནང་དོན་དང་། ལྷག་པར་དུ་ཡ་རབས་ངང་རླངས་འཁོར་འཇོག་པ་དང་། བདེ་འཇགས་ངང་འགྲོ་བ། སྤྱི་པའི་འཕྲོད་བསྟེན་ལ་སྲུང་སྐྱོབ། གྲོང་གསེབ་ཤེས་དཔལ་ལ་སྲུང་སྐྱོབ། ཁྱིམ་ཚང་ཡ་རབས་འཛུགས་གཏོད། ཡ་རབས་ཚོང་གཉེར་བཅས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པས་རྒྱ་ཆེའི་མང་ཚོགས་ཀྱི་ཡ་རབས་བྱ་སྤྱོད་ཚད་ལྡན་དང་ཡ་རབས་གོམས་གཤིས་བཟང་པོ་སྐྱེད་བསྲིང་ཐུབ་ཡོད།
བྱེད་སྒོའི་ནང་ཞུགས་མཁན་མང་ཚོགས་ཀྱིས《ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལ་སྔར་བས་ཤེས་རྟོགས་ཐུབ་ཡོད། སླད་ཕྱིན་གྱི་ལས་དོན་དང་འཚོ་བའི་ཁྲོད《སྲོལ་ཡིག》དེ་ནང་དུ་བཅུག་ནས་ཤེས་དཔལ་བྱ་སྤྱོད་དེ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྲོད་དུ་རྩ་བ་ཚུགས་པ་དང་འབྲས་བུ་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

