国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年03月26日

གྲོང་ཁྱེར་གཉིས་བཀུར་གཞུང་དོན་ཁང་གིས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

རིན་མེད་ངང་སྐྲ་བཞིན་པ།

སྨན་བཅོས་བྱ་ཡུལ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས22ཉིན་གྱི་སྔ་དྲོ། གྲོང་ཁྱེར་གཉིས་བཀུར་གཞུང་དོན་ཁང་གིས་ཆབ་སྡོད་དམག་དཔུང་ཁག་སྒྲིག་འཛུགས་བྱས་ཏེ་ཇ་རྟ་ཐང་ཆེན་དུ“དམག་དམངས་མཉམ་དུ་ལེ་ཧྥུང་ལ་སློབ་སྦྱོང་བྱེད། ཉ་ཆུ་བརྩེ་བས་གཉིས་བཀུར་འཆར་འགོད་རྩོམ”པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། འདིས་དུས་རབས་གསར་པའི་ལེ་ཧྥུང་གི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་བཏང་ནས“དམག་གིས་དམངས་ལ་དགའ་ཞེན་དང་དམངས་ཀྱིས་དམག་ལ་བཀུར་བ། དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར”གྱི་གཉིས་བཀུར་མཉམ་གཏོད་ཀྱི་ཁོར་ཡུག་བཟང་པོ་ཞིག་སྔར་བས་གཏོད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་བྱེད་སྒོ་ཡིས་གཉིས་བཀུར་དྲིལ་བསྒྲགས་ལག་དེབ་དང་། དྲིལ་བསྒྲགས་ཤོག་ལྷེབ། དྲིལ་བསྒྲགས་ཡིག་རིགས་སོགས1000ལྷག་ཙམ་སྤྲད་པ་དང་། མི20ཡས་མས་ལ་དམག་བསྡུའི་སྲིད་ཇུས་སྒྲོག་འགྲེལ་བྱས་པ། མི30ཡས་མས་ལ་རིན་མེད་ངང་སྐྲ་བཞར་བ། སྐམ་དམག་955སྨན་ཁང་གི་ཁོག་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག དབང་རྩའི་ཚན་ཁག མིག་ནད་ཚན་ཁག རྣ་སོགས་ཚན་ཁག10ཡི་མི་20ཙམ་བཏང་ནས་མི400ལྷག་ཙམ་ལ་སྨན་བཅོས་བྱས་པ། སྒོར་6000ལྷག་ཙམ་གྱི་སྨན་རྫས་རིགས་44ལྷག་ཙམ་སྤྲད་ཡོད།