国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年03月26日

ཆབ་མདོ་གྲོང་ཁྱེར་གྱིས་2024ལོའི“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ལས་དོན་མི་སྣས་གྲོང་མིར་དྲིལ་བསྒྲགས་ལག་དེབ་སྤྲད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་22ཉིན། ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་གྱི་ཇ་རྟའི་ཐང་ཆེན་དུ་2024ལོའི“འཛམ་གླིང་ཆུའི་ཉིན་མོ་སྐབས་སོ་གཉིས་པ”དང་“ཀྲུང་གོའི་ཆུའི་གཟའ་འཁོར”སྐབས་སོ་བདུན་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་འཕྲེད་འགེལ་ཡིག་རིགས་འགེལ་བ་དང་།དྲིལ་བསྒྲགས་ཤོག་བྱང་དང་དྲིལ་བསྒྲགས་དངོས་པོ་སྤྲོད་པ། ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་རྣམ་པར་བརྟེན་ནས་ཆུའི་ཐོན་ཁུངས་དོ་དམ་དང་། ཆུ་གྲོན་ཆུང་། ཆུ་ཁུངས་སྲུང་སྐྱོང་། ཆུའི་ཐོན་ཁུངས་བེད་སྤྱོད་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་ནས། གྲོང་མི་མང་ཚོགས་ལ་རང་འགུལ་ངང་ཆུ་གྲོན་ཆུང་དང་ཚན་རིག་དང་མཐུན་པའི་ངང་ཆུ་སྤྱོད་པའི་འདུ་ཤེས་བརྒྱུད་སྤྲོད་བྱས་ཏེ་ཆུ་གཅེས་དང་། ཆུ་སྲུང་། ཆུ་གྲོན་ཆུང་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་པ་རེད།

གཞན་ཡང་ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་དང་བླངས་པ་ད་དུང་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོར་དྲིལ་བསྒྲགས་བྱེད་པར་བསྐྱོད་ཅིང་། དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་མཁོ་ཆས་སྤྲད་པ་ཕུད་ད་དུང་འགུལ་རིས་ཀྱི་བརྙན་ཐུང་བསྟན་པའི་རྣམ་པའི་ཐོག་ནས་སློབ་མ་ཚོར་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནི་“འཛམ་གླིང་ཆུའི་ཉིན་མོ”སྐབས་སོ་གཉིས་པ་དང“ཀྲུང་གོའི་ཆུའི་གཟའ་འཁོར”སྐབས་སོ་བདུན་པ་ཡིན་པ་རེད། ཐེངས་འདིའི་བྱེད་སྒོ་ཡིས་དྲིལ་བསྒྲགས་ཡིག་རིགས1350དང་། དྲིལ་བསྒྲགས་དངོས་རྫས1000བཅས་སྤྲད་པ་དང་དྲིལ་བསྒྲགས་པ་མི800ལ་སླེབས་ཡོད།