国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年03月26日

ཆབ་མདོ་གྲོང་ཁྱེར་གྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ ལས་དོན་གྱི་སྙན་སེང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ཆབ་མདོ་གྲོང་ཁྱེར་གྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ལས་དོན་གྱི་སྙན་སེང་ཚོགས་འདུ་འཚོགས་ནས་མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང་། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུད་དང་། འཕེལ་སྒྱུར་ཨུ་ལྷན། སྤྱི་བདེ་ཅུད། འགྲིམ་འགྲུལ་སྐྱེལ་འདྲེན་ཅུད་སོགས་ཚན་པས་སྤེལ་རེས་གཏམ་བཤད་བྱས་ཡོད།

ལའོ་ཆིན་འུའུ་ཡིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་དོགས་ཟོན་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་དོར་ནས།མ་མཐའི་མཚམས་ཐིག་གི་བསམ་གཞིགས་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་ཁ་ཡོད་པའི་འདུ་ཤེས་བརྟན་དུ་གཏོང་བ། “དུས་དང་རྣམ་པ་ཀུན་ཏུ་འགན་འཁྲིའི་བསམ་པ་བཅངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་བླང་བྱར་གཅིག་གྱུར་འཆར་འགོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་བདེ་འཇགས་དང་། ཤར་བགྲོད། མཁོ་སྤྲོད། དམངས་འཚོ་བཅས་འགན་ལེན་ཐུབ་པ་བྱ་དགོས་ཞེས་བསྟན།

ལའོ་ཆིན་འུའུ་ཡིས་འགན་འཁྲི་ནན་དུ་གཏོང་བ་དང་། གྲོང་ཁྱེར་ཡོངས་ཀྱི“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློར་ཤུགས་སྣོན་རྒྱག་པ། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་མཉམ་ཁུར་མཉམ་ལེན་བྱེད་པ་དང་སྤྱི་དོན་མཉམ་སྒྲུབ། འགན་འཛོལ་འགན་འཁྲི་བདའ་འདེད་བཅས་མཐའ་འཁྱོངས་བྱེད་པ། ཏང་སྲིད་ཀྱི“འགོ་ཁྲིད་ཨང་དང་པོ”ངོ་མས་དམ་འཛིན་དང་དོན་འཁྱོལ་ནན་པོ་བྱེད་པ། བདེ་འཇགས་དང་པོ་དང་། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་ནས་བྱེད་མི་ཆོག་པ། གེགས་འགོག་གེགས་སེལ་དང་གེགས་སྐྱོབ་ལས་དོན་གྱི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝུའུ་དབྱིང་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།