国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年03月26日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས21ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་2ཚེས་29ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་དེ་བཞིན་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས། སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་པའི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་རིགས་ཁོངས། ཁོར་ཡུག་ཐོན་ཁུངས་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས། སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་པའི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་རིགས་ཁོངས། ཁོར་ཡུག་ཐོན་ཁུངས་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་ས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུའི་ཐད་རྒྱས་བཤད་གལ་ཆེན་གནང་བ་མ་ཟད།སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་།ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་སོགས་ལ་རེ་བ་གསལ་པོ་བཏོན་པར་ཆབ་སྲིད་རང་བཞིན་དང་།ལག་ལེན་རང་བཞིན་ཆེན་པོ་ལྡན་ཡོད་ཅེས་བསྟན་ཡོད།

ཚོགས་འདུའི་ཐོག་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས་སློབ་གསོ་དེ“འགན་ལེན་གསུམ”གྱི་ལས་གཞི་ལམ་སྲོལ་ཅན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ལ། མ་བུའི་བདེ་ཐང་གི་ཞབས་ཞུའི་མ་ལག་དང་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས།“གཉིས་ཆག་གཅིག་འཕར”གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།“འབབ་འཕར་གྱི་བྱ་ཐབས་དོན་ཚན་བཅུ”མུ་མཐུད་དོན་འཁྱོལ་བྱས་ནས་འབྲོག་ལས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གང་ལེགས་བཏང་སྟེ“གྲོང་ཁྱེར་གྱིས་སྤྱི་འདོམས་དང་།རྫོང་གིས་སྤྱི་འདོམས་བྱེད་པ། ཤང་གིས་ཐོ་འགོད་བྱེད་པ། གྲོང་ཚོར་སྒྲིག་འཛུགས་བྱེད་པ”བཅས་ཀྱི་ངལ་ནུས་ཕྱིར་གཏོང་བྱེད་སྟངས་བཙུགས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ཚོགས་འདུ་ཡིས་“ཏང་འཛུགས་སྐྱོང་སྲ་བརྟན་གཏོང་བའི་ལོ”དང“སྤྱོད་ཚུལ་གཏིང་ཟབ་ཏུ་གཏོང་བའི་ལོའི”ལས་ཀའི་བླང་བྱ་གཞིར་བཟུང་། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་ཆད་ལུས་མེད་པ་དང་། དངོས་ཐོག་བདེན་འཚོལ། ལས་གཏོད་ལས་སྒྲུབ་ཕོད་པ་བཅས་མཐའ་འཁྱོངས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་གཏན་འགོག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་།བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ།“གཞི་རིམ་དུ་སྤེལ་བ་བཞིའི”ལས་ཀའི་བྱེད་ཐབས་ལག་ལེན་གཏིང་ཟབ་བཅས་བྱེད་ནས། མི་དམངས་བློ་ཡིད་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་། གསར་གཏོད་སྲིད་གཞུང་། སྤྱོད་གཙང་གི་སྲིད་གཞུང་། ཞབས་ཞུ་ཅན་གྱི་སྲིད་གཞུང་བཅས་འཛུགས་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།