国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年03月08日

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3ཚེས4ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུར་གཙོ་སྐྱོང་གནང་ཡོད།

ཚོགས་འདུའི་ཐོག《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན》དང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ(བམ་པོ་བཞི་པ)》《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་རྩ་གནད(2023ལོའི་པར་མ)》སོགས་འབྲེལ་ཡོད་ཆེད་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོ སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཐེངས་བཅུ་གཅིག་པ་དང་བཅུ་གཉིས་པར་ཐུན་མོང་ཐོག་སློབ་སྦྱོང་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།

ཀུང་ཧུའེ་ཚའེ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་འཛམ་གླིང་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉེན་ཁ་འཕྲད་པའི་འགྲན་སློང་གི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཕེལ་རྒྱས་དང་བདེ་འཇགས་ཀྱི་གནད་དོན་དེ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་ཐོག་བཞག་ནས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། རིམ་ཁག་སྡེ་ཚན་ཁག་གིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་རྒྱུན་ཆད་མེད་པར་སྤྱད་དེ“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་བྱས་ནས།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།

ཀུང་ཧུའེ་ཚའེ་ཡིས་ཆབ་སྲིད་ཀྱི་བདེ་འཇགས་གཞི་རྩར་བྱས་ཏེ་ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་སྲུང་སྐྱོང་བྱེད་དགོས། དཔལ་འབྱོར་བདེ་འཇགས་རྨང་གཞིར་བྱས་ཏེ་སྲ་ཞིང་བརྟན་པའི་དངོས་པོའི་འགན་ལེན་བྱེད་དགོས། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་བཟུང་ནས་དམངས་འཚོར་མུ་མཐུད་བདེ་སྐྱིད་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཝུའུ་དབྱིང་ཧའེ་དང་ཉི་མ་ཚེ་རིང་གཉིས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་དང་། ལིས་ཧྲི་ཅང་དང་། དངོས་གྲུབ་ཟླ་བ། ཅཱ་ཤིན་ཡུས་བཅས་ཚོགས་འདུར་ཞུགས་ཡོད།