国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年02月20日

ཆབ་མདོ་གྲོང་ཁྱེར་གྱིས“དོ་དམ་བྱ་ཐབས་གསུམ”ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཆབ་མདོ་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཆབ་མདོ་གྲོང་ཁྱེར་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དང་། སྤུས་ཚད་མཐོ་པོས་འཕེལ་རྒྱས་ལ་སྐུལ་འདེད། ཚད་གཞི་མཐོ་བའི་བདེ་འཇགས་ཐོན་སྐྱེད་བཅས་ཐད་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་ཤུགས་སྣོན་བརྒྱབ་ཅིང་། རྫོང(ཆུས)ཁག་གི་ས་ཕྱོགས་དང་། ནུས་པའི་ངེས་གནས། ཐོན་ལས་ཀྱི་ལེགས་ཆ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། རྫོང(ཆུས)11ས་ཁོངས་ཧྲིལ་པོ་སྒོ་མོ་དབྱེ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”ནང་རང་འགུལ་ངང་མཉམ་འདྲེས་ཐུབ་པར་བྱས་ཏེ“ཇ་རྟའི་གནའ་ལམ”འཛམ་གླིང་རིག་གནས་ཤུལ་བཞག་གི་གྲ་སྒྲིག་མིང་གཞུང་ནང་རེ་ཞུ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད།

སྤུས་ཚད་མཐོ་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་ཅིང་། ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་ལ་དམིགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། རྣམ་གྲངས་གལ་ཆེན་དང“3+4”ཡི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་ལ་དམ་པོར་དམིགས་པ། འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། G214ལམ་ཐིག་གི་ཆབ་མདོ(ལྕགས་ཁ)ནས་སྤང་མདའ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་དང་སྤང་མདའ་གནམ་ཐང་གི་གནམ་ཐང་བབས་ཚུགས་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་གང་མགྱོགས་སྐྲུན་འགོ་ཚུགས་པའི་བརྩོན་ལེན་བྱས་ནས་ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར་གསར་སྤེལ། ས་མཐོའི་སྐྱེ་དངོས་ཐོན་ལས་རིམ་སྤོར་བཅས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཡོད། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་སྡོད་ཁང་དང་། འཐུང་ཆུ། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་དོན་དངོས་མུ་མཐུད་ཡག་པོ་སྒྲུབ་པ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པར་བྱས་ཡོད།

ཚད་གཞི་མཐོ་བའི་བདེ་འཇགས་ཐོན་སྐྱེད་ཐད་ཤུགས་སྣོན་བརྒྱབ་ཅིང་། “དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་རྙིང་པ་དང་། ལས་ཡུལ། གཏེར་རིའི་ཁེ་ལས། ཉེན་ཆེའི་ལམ་དུམ་སོགས་གཙོ་གནད་ས་ཁོངས་ཀྱི་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་རྒྱུན་རྣམ་ཅན་གྱི་སྒོ་ནས་བྱས་ཏེ། རོགས་སྐྱོབ་དངོས་ཟོག་དང་སྒྲིག་ཆས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་ནང་སྦྱོང་དང་རོགས་སྐྱོབ་ནུས་པ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། ཡོམ་འགོག་གེགས་སེལ་གྱི་ཤེས་བྱ་རྒྱ་ཁྱབ་ངང་ཁྱབ་གདལ་གཏོང་བ། ཆབ་མདོའི(བོད་ཤར)འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་སྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཛ་དྲག་གི་གནས་ཚུལ་ཐོན་ཚེ་འཕྲལ་དུ་དང་ལེན་དང་འཕྲལ་དུ་ཐག་གཅོད་ཐུབ་པའི་འགན་ལེན་བྱས་ཡོད།