མཛོ་སྒང་རྫོང་གི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱིས“ལག་གདང་སྦྲེལ་ནས་དཔྱིད་གསར་བསུ། རྒན་རྒོན་རྣམས་ལ་བརྩེ་སེམས་བཅངས”ཞེས་པའི་རིག་རྩལ་མཉམ་འཁྲབ་བྱས་པ་དང་། རྫོང་གི་འགོ་ཁྲིད་དང་བཅས་པས་རྫོང་གི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་རྒན་རྒོན་དང་ཕན་བདེའི་བྱ་གཞག་གཉེར་མཁན་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་ནས་ཁོང་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བ་བྱས་ཏེ་རྒན་རྒོན་ཚོ་དང་མཉམ་དུ་ལོ་གསར་གྱི་འཁྲབ་སྟོན་ལ་གཟིགས་པ་རེད། དམར་མདངས་བཀྲ་བའི་ལྒང་ཞུ་དང་བཀྲ་ཤིས་པའི་ཆ་ཡིག་།དར་ཚོན་སྣ་ལྔ།ཕུན་སུམ་ཚོགས་པའི་ཞིམ་ཟས་དང་སྤྲོ་སྣང་ལྡན་པའི་རོལ་དབྱངས་བཅས་ལས་དམིགས་བསལ་དཀའ་ངལ་ཡོད་པའི་ཞབས་ཞུའི་ལྟེ་གནས་ཀྱི་ས་ཆ་ཚང་མར་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད་པ་རེད།