གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་པོས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་རིག་རྩལ་མཉམ་འཁྲབ་བྱས་པ་དང་། ལས་བྱེད་ལས་བཟོ་དང་བྱིས་པ་ཁྱོན་400ལྷག་ཙམ་གྱིས་ས་གནས་ས་ཐོག་ཏུ་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་རེད། ཡོན་ཀྲང་གཞོན་པས་ཕྲུ་གུ་ཚོར་ལོ་གསར་གྱི་ཤོག་ཆག་དམར་པོ་དང་ལག་རྟགས་སྤྲད་དེ་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད། རིག་རྩལ་འཁྲབ་སྟོན་གྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་འཁྲབ་པའི《བཀྲ་ཤིས་དུས་རབས》ནས་འགོ་བརྩམས་པ་དང་། སྙན་འཇེབས་ལྡན་པའི་རོལ་དབྱངས་དང་ཞབས་བྲོའི་ཐོག་ནས་དུས་ཆེན་གྱི་རྣམ་པ་ཞིག་བཏོད་ཡོད།སྤྲོ་སེམས་རབ་ཏུ་འཁོལ་བའི་ཞབས་བྲོ་རེ་རེ་ལས་ཐལ་མོའི་རྡེབ་སྒྲ་ཡང་ཡང་ཐོབ་པ་མ་ཟད།བཀྲ་ཤིས་པའི་གླུ་དབྱངས་རེ་རེ་ཡིས་བྱིས་པ་ཚོའི་དྲིན་གཟོའི་བརྩེ་བ་མཚོན་པར་བྱས་ཡོད།