国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年02月16日

སྟེང་ཆེན་རྫོང་དམངས་སྲིད་ཅུས།

སྟེང་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱིས་2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་གཏོང་བྱེད་སྒོ་སྤེལ་ཞིང་།བྱེད་སྒོའི་ཁྲོད་རྫོང་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་ལས་དོན་མི་སྣས་རྒན་རྒོན་ཚོར་གྲ་སྒྲིག་ཞིབ་ཚགས་བྱེད་པའི་རང་སྒྲིག་རང་འཁྲབ་ཀྱི་ཞབས་བྲོ《གྱང་རྡུང་བའི་བྲོ》དང་།《སྐོར་བྲོ》གླུ་གཞས《ནམ་མཁའི་ལྷ་མོ》དང་《སྨོན་འདུན་》སོགས་ལེ་ཚན་14ཡོད་པ་དང་འཁྲབ་སྟོན་པ་ཚོས་རོལ་དབྱངས་ལ་བརྟེན་ནས་ལོ་གསར་པའི་སྤྲོ་སྣང་བརྒྱུད་སྤྲོད་བྱས་ཏེ་ཞབས་བྲོར་བརྟེན་ནས་ཐུན་མོང་གི་སྨོན་འདུན་ཞུས་ཡོད།འཁྲབ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་ལ་འཁྲུག་ཆ་དོད་པ་དང་མི་དམངས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཡར་རྒྱས་བརྩོན་ལེན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།བྱེད་སྒོ་ཧྲིལ་པོའི་གླུ་གར་གྱི་རྣམ་པ་འཁྲུག་ཆ་དོད་པོ་དེའི་སྒོ་རའི་ནང་གི་མི་རྣམས་ཀྱི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད།

རྫོང་གི་ཚན་པ་བཞིའི་འགོ་ཁྲིད་ཀྱིས་རྒན་རྒོན་རྣམས་ལ་ཁ་བཏགས་གཡོགས་ནས་ཚང་མར་འཚམས་འདྲིའི་མ་དངུལ་སྒོར་500དང་།ལས་ཁུངས་ལ་འཚམས་འདྲིའི་དངུལ་སྒོར་10000བཅས་ཁྱོན་བསྡོམས་སྒོར་ཁྲི་11.05སྤྲད་པ་རེད།