གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གཉིས་པ་ཡིས་ལོ་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ཞིང་།རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་འཇམ་དབྱངས་སྐལ་བཟང་བྱེད་སྒོར་གདན་འདྲེན་ཞུས་པ། གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཏང་ཙུའི་ཚན་ཁག་གི་ཁོངས་མི་དང་ལས་བྱེད་ལས་བཟོ་ཚོས་སློབ་གྲྭ་ཡོངས་ཀྱི་ལས་དོན་མི་སྣ་དང་བྱིས་པ་དང་ལྷན་དུ་འཛོམས་ནས་དཔྱིད་གསར་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད།བློ་མཐུན་འཇམ་དབྱངས་སྐལ་བཟང་གིས་གཅེས་སེམས་ལྡན་པའི་ཁྱིམ་ཚང་དུ་བསྐྱོད་དེ་ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བ། ལོ་གསར་གྱི་གྲ་སྒྲིག་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད་ཕྲུ་གུ་ཚོར་ལོ་གསར་གྱི་སྨོན་འདུན་དང་འཚམས་འདྲི་ཞུས་པ་དང་འབྲེལ་ཕྲུ་གུ་ཚོ་དང་མཉམ་དུ་ཆུ་ཚོད་བཟོ་བ་དང་།ལྷན་འཛོམས་ཁ་ལག་ཟ་བ། རིག་རྩལ་འཁྲབ་སྟོན་ལ་གཟིགས་ཡོད་པ་རེད།
འཁྲབ་སྟོན་ཁྲོད《ནག་ཆུའི་སྐོར་བྲོ་》དང《སྟེང་ཆེན་རལ་པ་》སོགས་མི་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོའི་འགྱུར་ཁུག་དང་སྟངས་སྟབས་ལས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ཞིང་《ཁྲོམ་བྲོ་》དང་《ལོ་གསར་གྱི་སྨོན་འདུན》ཞེས་པ་དུས་རབས་གསར་པའི་ལོ་ཆུང་བྱིས་པའི་ཉམས་འགྱུར་དང་བསྟུན་ནས《བདེ་སྐྱིད་ལྡན་པའི་དེ་རིང་》《ང་ཚོ་དགའ་སྤྲོའི་ངང་མཉམ་འཛོམས》ཞེས་པ་ལས་ཕྲུ་གུ་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བ་དང་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་ཀྱི་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེས་ཕྲུ་གུ་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད།ད་དུང་ཕྲུ་གུ་ཚོར་དགུན་དུས་ཀྱི་དྲོ་སྐྱིད་དང་ལོ་གསར་གྱི་སྤྲོ་སྣང་དེ་བས་ཟབ་ཏུ་ཕྱིན་ཡོད་པ་རེད།