འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དགའ་དགའ་སྤྲོ་སྤྲོའི་ངང་ནས་དུས་ཆེན་གཏོང་། གླུ་ལེན་གར་འཁྲབ་བྱས་ཏེ་ལོ་གསར་བསུ།གྲོང་ཁྱེར་ཡོངས་ཀྱི་དམངས་སྲིད་ཞབས་ཞུའི་ལས་ཁུངས་ཀྱི་རྒན་རྒོན་དང་བྱིས་པ་ཚོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐྱིད་པོ་ཞིག་གཏོང་ཐུབ་པ་བྱ་ཆེད། ཆབ་མདོ་གྲོང་ཁྱེར་དམངས་སྲིད་ཕན་བདེའི་སྒྲིག་གཞི་ལས་ཁུངས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ནས་དམངས་སྲིད་ཞབས་ཞུ་བྱ་ཡུལ་དང་མཉམ་དུ་དཔྱིད་གསར་དུས་ཆེན་དགའ་གཏོང་བྱས་པ་རེད།
① གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གཉིས་པས་ལོ་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་དང་། འགོ་ཁྲིད་དང་།ལས་དོན་མི་སྣ་དེ་བཞིན་བྱིས་པ་དང་མཉམ་པར་བསྐྱོན་པ།
② ལས་བྱེད་ལས་བཟོ་པས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་པོའི་ཕྲུ་གུ་ཚོར་ལོ་གསར་གྱི་སྨོན་འདུན་དང་འཚམས་འདྲི་གནང་བ།
③ སྟེང་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱིས་2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགའ་གཏོང་བྱེད་སྒོ་སྤེལ་ནས་རྫོང་གི་འགོ་ཁྲིད་ཀྱིས་རྒན་རྒོན་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ།
④ ལྷོ་རོང་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱིས“དཔྱིད་གསར་བསུ་བ་དང་ལོ་གསར་གཏོང”ཞེས་པའི་བྱེད་སྒོ་སྤེལ་བ་དང་།རྫོང་གི་འགོ་ཁྲིད་ཀྱིས་རྒན་རྒོན་ལ་འཚམས་འདྲིའི་དངུལ་སྤྲད་པ།
⑤ གོ་འཇོ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་།འདི་ནི་སྤྲོ་སྣང་ལྡན་པའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
⑥ མཛོ་སྒང་རྫོང་གི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱིས“ལག་གདང་སྦྲེལ་ནས་དཔྱིད་གསར་བསུ། རྒན་རྒོན་རྣམས་ལ་བརྩེ་སེམས་བཅངས”ཞེས་པའི་རིག་རྩལ་འཁྲབ་སྟོན་སྤེལ་བ་དང་།འདི་ནི་འཁྲབ་སྟོན་བྱ་ཡུལ་ཡིན་པ།