① ཆབ་མདོ་དམག་ཁུལ་ཡན་ལག་ཁང་གི་ཐོན་ཞིག་གི་དཔོན་དམག་གིས་དཔྱིད་གསར་ཆ་ཡིག་འབྲི་བ་དང་། ལྒང་བཞུ་འགེལ་བ་སོགས་བྱས་ནས་དམག་སྒར་དུ་ལོ་གསར་གྱི་རྣམ་པས་ཁེངས་པར་བྱེད་པ།
② བྲག་གཡབ་རྫོང་གི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་སྤྲོའི་མཚན་ཚོགས་དེ་རྫ་ཆུའི་ཐང་ཆེན་དུ་འཚོགས་ཤིང་།རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་དང་ཐུན་མོང་ཐོག་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
③ རི་བོ་ཆེ་རྫོང་གིས་ཁྲུང་ཆིན་བོད་སྐྱོར་ཐང་ཆེན་དུ་2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ཞིང་ལས་ཁྱད་ལྡན་ཐོན་ཟོག་ཕྱིར་འཚོང་དང་ལོ་གསར་གྱི་མཁོ་ཆས་འགྲེམས་ཚོགས་གཉེར་བ་དང་།འདི་ནི་འགྲེམས་ཚོགས་ཀྱི་ཡུལ་དངོས་ཡིན་པ།
④ ལྷོ་རོང་རྫོང་གིས་རྫོང་གྲོང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཐང་ཆེན་ཐོག་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བའི་རིག་རྩལ་འཁྲབ་སྟོན་སྤེལ་བ་དང་། འདི་ནི་འཁྲབ་སྟོན་བྱ་ཡུལ་ཡིན་པ།
⑤ གོ་འཇོ་རྫོང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བའི་རིག་རྩལ་འཁྲབ་སྟོན་སྤེལ་བ་དང་། འདི་ནི་འཁྲབ་སྟོན་བྱ་ཡུལ་ཡིན་པ།