国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年02月06日

ཆབ་མདོ་གྲོང་ཁྱེར་གྱིས་2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་2ཉིན། ཆབ་མདོ་གྲོང་ཁྱེར་གྱིས་2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ལྷན་འཛོམས་དགའ་སྟོན་ཚོགས་འདུ་འཚོགས་ཤིང་།གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་རྣམས་དགའ་སྤྲོ་མཉམ་འཛོམས་ཀྱིས་མཉམ་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་བཟང་པོ་ཞུས་ཡོད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི། ཆབ་མདོ་ཡན་ལག་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཀུང་ཧུའེ་ཚའེ་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུར་ཕེབས་པ་མ་ཟད་ཤིས་ཚིག་སྒྲོན་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ལའོ་ཆིང་འུའུ་ཡིས་གཙོ་སྐྱོང་གནང་བ་དང་། ཝང་ཡ་ཏུང་དང་། ཆི་དབྱིན་ཧའེ། རྡོ་རྗེ་དགྲ་འདུལ་བཅས་ཞུགས་ཡོད་པ་རེད།

དྲོ་སྐྱིད་འཆམ་མཐུན་དང་དགའ་སྤྲོའི་རྣམ་པས་ཕྱུག་པའི་ཁྲོད་ཀུང་ཧུའེ་ཚའེ་སོགས་འགོ་ཁྲིད་རྣམས་ཚོགས་ཞུགས་འཐུས་མིའི་ཁྲོད་ཕེབས་ནས་ཚང་མར་ཕན་ཚུན་ཁ་བཏགས་སྒྲོན་རེས་དང་ཕན་ཚུན་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད། ཀུང་ཧུའེ་ཚའེ་ཡིས་ཤིས་ཚིག་སྒྲོན་སྐབས་གྲོང་ཨུད་དང་།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ཨུད།གྲོང་ཁྱེར་སྲིད་གཞུང་།གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། ཆབ་མདོར་བཅའ་སྡོད་དཔུང་སྡེའི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་བཅས་དང་དེ་བཞིན་ཆབ་མདོའི་གསར་བརྗེ་དང་།འཛུགས་སྐྲུན།སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་གྱི་རྒན་ཡོལ་ཞུས་པའི་ལས་བྱེད་རྒན་གྲས་དང་།ཆབ་མདོའི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ།ལས་གནས་བརྟན་སྲུང་དང་འཐབ་ཕྱོགས་དང་པོར་འབད་འཐབ་གནང་མཁན་བློ་མཐུན་ཚོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

ཀུང་ཧུའེ་ཚའེ་ཡིས་ཤིས་ཚིག་སྒྲོན་སྐབས་འདས་ཟིན་པའི་ལོ་གཅིག་ནི་བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་བརྩོན་ལེན་བྱེད་པའི་ལོ་ཞིག་རེད། ང་ཚོས་སྤྱིར་བཏང་མིན་པའི་འབད་བརྩོན་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པའི་སྔོན་དཔག་ལས་བརྒལ་བ་དང་ལས་སླ་པོར་བྱུང་བ་ཞིག་མིན་པའི་རྒྱུགས་ལན་ཅིག་ཕུལ་ཡོད།ལོ་འདིར་ང་ཚོས་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་བརྟན་ལྷིང་འགན་ལེན་བྱས་ཏེ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་འགོ་བཙུགས་པ་དང་།མི་བསད་གྱོད་གཞིའི་འགག་སྒྲོལ་དང་། ནག་སེལ་གཤེད་བཅོམ། མེ་མདའ་དང་འབར་གས་གཙང་སེལ།འཛེམ་མེད་དམར་འདོན་གྱིས་ལོ་རྒྱུས་ཐོག་ལུས་པའི་“ཐག་གཅོད་གཏོང་དཀའ་བའི་གྱོད་གཞི་”དང་“ལོ་མང་ཐག་གཅོད་མི་ཐུབ་པའི་གྱོད་གཞི་”ཐག་གཅོད་བཅས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བས། མི་བསད་པའི་གྱོད་གཞི་ཐོན་ཚད་བསྟུད་མར་ཆག་པ་དང་བདེ་འཇགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་རམ་འདེགས་བྱས་ཡོད།

ལོ་འདིར་ང་ཚོས་འགག་སྒྲོལ་དཀའ་སེལ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་།ཀྲུང་གོའི་ཏྰ་ཐང་དང་ཀྲུང་གོའི་རླངས་འཁོར་སོགས་ཀྲུང་དབྱང་ཁེ་ལས་ཆབ་མདོའི་ཏྰ་ཐང་གི་ནུས་རྒྱུ་གཙང་མའི་ཐོན་ལས་གླིང་དུ་བཅའ་སྡོད་བྱས་པ་དང་།ཧ་ནུས་འབྲི་ཆུ་སྟོད་རྒྱུད་ཀུང་སི་དང་ཁམས་གློག་ནུས་རྒྱུ་གཙང་མའི་ཀུང་སིས་གྲུབ་འབྲས་ཐོབ་པའི་ངང་གན་རྒྱ་བཞག་པ། བོད་ཀྱི་སྟོང་ཝ་ཁྲི་བརྒྱ་རིམ་པའི་བྲག་ལྭ་ཆུ་གློག་ཁང་གི་ཆུ་རྒྱུན་བདེ་བླག་ངང་བཀག་ཐུབ་པ་བཅས་བྱུང་ཡོད།རྒྱལ་ལམ་214ཡི་ཆབ་མདོའི(ལྕགས་ཁ)ནས་སྤང་མདའ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་དེ་འགྲིམ་འགྲུལ་སྐྱེལ་འདྲེན་པུའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བདེ་བླག་ངང་བཅུག་པ་དང་། སྤང་མདའ་གནམ་ཐང་གི་གནམ་ཐང་འབབ་ཚུགས་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་དོན་འཁྱོལ་བྱུང་བ། ཆབ་མདོ་ནས་པེ་ཅིང་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་ཡོད།

ལོ་འདིར་ང་ཚོས་ཐབས་བརྒྱ་ཇུས་སྟོང་ངང་དམངས་འཚོར་ཕན་པ་འདོགས་ཆེད་《ཞིང་འབྲོག་པའི་ཡོང་འབབ་མུ་མཐུད་མང་དུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་ཁག་བཅུ》བཏོན་ནས་སློབ་མར“དབྱར་རྩྭ་དགུན་འབུའི་གུང་གསེང་”ཁྱོན་ཡོངས་ནས་མེད་པ་བཟོས་པ་དང་།རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ཁྱོན་ཡོངས་ལ་ཁྱབ་པ། ལྷོ་རོང་རྫོང་ལ“གསུམ་པའི་ཚེས་བཅུ་བདུན་ཉིན་མོའི་”ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་སྡོད་ཁང་གསར་པར་སྤོས་པ་དང་བཅོས་སྣུམ་རིན་གོང་ཏུན་རེར་སྒོར་250བར་མར་བཅག་ཡོད་པ་རེད། ཆབ་མདོ་གྲོང་ཁྱེར་དེ་རྒྱལ་ཡོངས་ཀྱི་བདེ་ཐང་གྲོང་ཁྱེར་འཛུགས་སྐྲུན་གྱི་མ་དཔེའི་གྲོང་ཁྱེར་དང་། རྒྱལ་ཁབ་ཤེས་རིག་བདག་དབང་སྟོབས་ཆེའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཚོད་ལྟའི་གྲོང་ཁྱེར། 2023ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཀུན་ཕན་དངུལ་རྩའི་འཕེལ་རྒྱས་དཔེ་སྟོན་ཁུལ་དུ་གྲུབ་འབྲས་ཐོབ་པའི་ངང་བདམས་པ་རེད།

ལོ་འདིར་ང་ཚོས་སྲུང་ཡོལ་བརྟན་པོ་བཙུགས་ནས་སྐྱེ་ཁམས་སྲུང་སྐྱོང་བྱས་པ་དང་།དགུང་སྔོན་དང་།ཆུ་དྭངས།ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་བཏང་བ།རྫོང(ཆུས)11གི་བཙོག་ཆུ་གཙང་སེལ་ཁྱོན་ཡོངས་ལ་ཁྱབ་པ་བྱས་པ། གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་100%རྒྱུན་འཁྱོངས་ཐུབ་ཡོད། ཆབ་མདོ་གྲོང་ཁྱེར་ནགས་ལས་ཅུད་ཀྱི་ལས་དོན་ལ་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུད་ཀྱིས་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས་པ་དང་།སྟེང་ཆེན་རྫོང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཟོས་པ།གོ་འཇོ་རྫོང་ལྷ་ཐོག་འདམ་ར་དེ་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་དུ་གཏན་འཁེལ་བྱས་པ་རེད།

ལོ་འདིར་ང་ཚོས་མཐའ་མཚམས་སྟོབས་ཆེར་གཏོང་རོགས་བྱས་ཏེ་གྲོང་ཨུད་ཀྱི་དམག་དོན་གྲོས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ནས་གྲོས་གཞི་ཁག་ཞིབ་འཇུག་དང་ཐག་གཅོད་བྱས་པ་དང་།རིམ་པ་དེ་གའི་ནོར་སྲིད་ཀྱིས་ལོ་ལྟར་དཔུང་སྡེའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ། མ་དངུལ་ཁག་གཅིག་བཏང་ནས་ཆབ་མདོའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ཉམས་གསོ་དང་ཆབ་མདོའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་པ།ས་ངན་གྲོང་ཁྱེར་བརྒལ་ནས་ཁྱོན་ཡོངས་ཡུལ་གཞན་དུ་གནས་སྤོས་བྱས་ཡོད།ལོ་འདིར་ང་ཚོས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱབ་པ་དང་། གཙོ་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བ།ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་ཁག་གཅིག་བཀོད་སྒྲིག་བྱས་ནས“ལས་བྱེད་པ་བརྒྱར་སྦྱོང་བརྡར་ཆེན་པོའི”བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ། སྤྱི་བདེའི་ཁོངས་གཏོགས་ཀྱི་བཟོ་པ་ཁག་གཅིག་རྒྱུགས་སྤྲད་དེ་གཞུང་ཞབས་པའི་ཐོབ་ཐང་ཡིན་པའི་མི་དམངས་ཉེན་རྟོག་པར་བསྒྱུར་བ། གསར་དུ་བསྡུས་པའི་གཞུང་ལས་མི་སྣ་ཁག་གཅིག་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་ལས་གནས་སུ་ལས་ཀ་བྱེད་པར་འདེམས་གཏོང་བཅས་བྱས་པས་རྒྱ་ཆེའི་ལས་བྱེད་པའི་བསམ་པའི་ཉམས་འགྱུར་དང་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

ཀུང་ཧུའེ་ཚའེ་ཡིས་གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་ནས་བྱུང་བ་དང་།ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་འགན་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་ནས་བྱུང་བ།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་བསྟན་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚངjའཛོམས་གྲོས་ཚོགས་རིམ་བྱུང་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་གྲོང་ཨུད་ཀྱི“22445”ཡི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་གཞི་ཚུགས་ནས“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་གང་མགྱོགས་བྱེད་པ་དང་།ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་འབད་འཐབ་ཆེན་པོས་ཆབ་མདོ་ལ་བྱ་གཞག་གསར་པ་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།

ཆབ་མདོར་ཡོད་པའི་ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན་དང་ལས་བྲལ་དང་རྒན་ཡོལ་ཞུས་པའི་ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན། ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་དམག་སྤྱི་གཞོན་པ། དེ་བཞིན་31676དམག་དཔུང་དང་དྲག་ཆས་ཉེན་རྟོག་ཆབ་མདོ་ཉིང་ལག་རུ་ཁག་གི་འགོ་དཔོན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ལྷན་འཛོམས་རྟེན་འབྲེལ་ཚོགས་འདུར་ཞུགས་མཁན་ད་དུང་གྲོང་ཁྱེར་གྱི་ཚན་ཁག་ཆེན་པོ་བཞིའི་དྲུང་ཆེ་དང་ཁ་རུབ་ཆུས་དང་གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་སྡེ་ཚན'དེ་བཞིན་གྲོང་ཁྱེར་གྱི་ཚོགས་པ་ཆེ་གྲས་ལྔའི་འགན་འཁུར་བློ་མཐུན་གཙོ་བོ'རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་འཐུས་མི།སྔོན་ཐོན་དཔེ་བཟང་གི་འཐུས་མི།རྒྱལ་ནང་དུ་ལོག་པའི་བོད་རིགས་སྤུན་ཟླའི་འཐུས་མི། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་དང་དེ་བཞིན་མི་རབས་རྗེས་མའི་འཐུས་མི།སྔོན་གཤེགས་དཔའ་བོ་དང་དམག་མིའི་ཁྱིམ་མིའི་འཐུས་མི།གཞུང་དོན་དུ་སྐུ་གཤེགས་པའི་ལས་བྱེད་ལས་བཟོའི་ནང་མིའི་འཐུས་མི།སྔོན་གཤེགས་དཔའ་བོའི་བུ་ཕྲུག་གི་འཐུས་མི།ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ་པའི་འཐུས་མི།མི་རིགས་ཁག་དང་ལས་རིགས་ཁག་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་མི་སྣ། བོད་སྐྱོར་གྱི་ལས་བྱེད་པ་དང་ཤེས་ལྡན་པ། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་གྲོང་ཚོར་བཅའ་སྡོད་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ'གྲོང་ཚོར་བཅའ་སྡོད་ལས་བྱེད་པ།གྲོང་ཚོའི་ལས་བྱེད་པའི་འགན་བཞེས་མཁན་མཐོ་སློབ་སློབ་ཐོན་སློབ་མ།དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། “གཉིས་ལྡན་དུད་སྦྲེལ”“གཉིས་གཏོད”སློབ་ཆེན་སློབ་མ། ཁྲོན་བོད་ལྕགས་ལམ་ཀུང་སིའི་ལས་བཟོ།དམངས་གཉེར་ཁེ་ལས་མཁས་ཅན།ཆབ་མདོ་གྲོང་ཁྱེར་གྱི“རྒན་འཁོགས་གཅིག་དང་བྱིས་པ་གཅིག”གི་ལས་ཁུངས་སོགས་ཕྱོགས་ཁག་གི་འཐུས་མི་ཡོད་པ་རེད།