国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年02月06日

ཆབ་མདོ་གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་གྱི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་2པའི་ཚེས་2ཉིན། ཆབ་མདོ་གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་སྐབས། ཁོང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི“ཞིང་གསུམ”ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་གྲུབ་འབྲས་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་བྱས་ཏེ་2024ལོའི་གྲོང་ཁྱེར་ཡོངས་ཀྱི“ཞིང་གསུམ”ལས་དོན་བཀོད་སྒྲིག་བྱས་ནས་ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་རམ་འདེགས་དེ་བས་ལེགས་པ་བྱེད་དགོས།

ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཝང་ཡ་ཏུང་དང་ལི་ཧྲི་ཅང་། ལི་པིན། ཀྲང་ཝུན་ཧྲེང་། དངོས་གྲུབ་ཟླ་བ། ཝུའུ་ཡིན་ཧའེ། ཝང་ཧྲི་ཡུས། ཅ་ཤིན་ཡུས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཀུང་ཧུའེ་ཚའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་2024ལོའི“ཞིང་གསུམ”ལས་དོན་གྱི་མཛུབ་སྟོན་གལ་ཆེན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བླང་བྱ་བཏོན་པ་དང་ཁ་ཕྱོགས་གསལ་བཤད་བྱས་པས། བསམ་བློའི་ཁྲིད་སྟོན་རང་བཞིན་དང་འཐབ་ཇུས་ཀྱི་མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད།ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ནང་། དུས་རབས་གསར་པའི་ནང་ལྗོངས་ཡོངས་ཀྱི་“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཕྱོགས་བསྡོམས་ཆ་ཚང་གནང་བ་དང་། མིག་སྔའི་“ཞིང་གསུམ”ལས་དོན་གྱི་དགེ་མཚན་ལྡན་པའི་ཆ་རྐྱེན་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་གནང་ཡོད་ལ། 2024ལོའི་ལྗོངས་ཡོངས་ཀྱི་“ཞིང་གསུམ”ལས་དོན་གྱི་གཙོ་གནད་ལས་འགན་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་སྟེ་ང་ཚོས་“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་ནུས་ལྡན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་དང“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་མཐོ་ཚད་ཐོག་ནས་ནང་དོན་དང་ལག་ལེན་གྱི་བླང་བྱ་ཆ་ཚང་ལ་གནད་ལ་འཁེལ་བ་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་ཆབ་མདོའི་ཞིང་འབྲོག་ཁུལ་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

ཀུང་ཧུའེ་ཚའེ་ཡིས་2023ལོའི་གྲོང་ཁྱེར་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་།ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།སྤྱི་ཁྱབ་ཧྲུའུ་ཅིའི་ཞི་ཅིན་ཕིང་གིས་“ཞིང་གསུམ”ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་།“དོན་ཆེན་བཞི”ལ་དམིགས་པ་དང་“འཛུགས་གཏོད་བཞིར་”ཤུགས་རྒྱག་པ།“ཁྲི་སྟོང་ལས་གཞི”ཡི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་དང་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་སྟེ་ཆབ་མདོར་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ལ་ཤུགས་སྣོན་བརྒྱབ་ནས་འབྲུ་རིགས་བདེ་འཇགས་ཀྱི“དོན་ཆེན་ཨང་དང་པོར”དམ་འཛིན་ཡག་པོ་བྱེད་དགོས་པ་དང་།རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་དང་མཐོར་གཏོང་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ། རྨོ་ཞིང་གི་དམར་ཐིག་བརྟན་སྲུང་བྱེད་པ།ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་མཐའ་འཁྱོངས་བྱེད་པ།འབྲུ་རིགས་ཀྱི་ཐོན་འབོར་བརྟན་པོའི་ངང་མཐོར་གཏོང་བྱེད་དགོས།འབྲེལ་ཡོད་ལས་གྲྭ་དོན་འཁྱོལ་ཡོང་བར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་།ཞིང་ཆུ་གཏོང་ཁུལ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ།ཞིང་ཆུ་འདྲེན་ཁྱོན་བརྟན་པོའི་ངང་གསར་དུ་འཕར་སྣོན་ཡོང་བ་དང་ལེགས་བཅོས་བྱེད་དགོས།ཞིང་པའི་ཁྱིམ་ལུད་དང་སྐྱེ་ལྡན་ལུད་བེད་སྤྱོད་མུ་མཐུད་ཁྱབ་གདལ་གཏོང་བ་དང་ས་རྒྱུ་ལེགས་བཅོས་བྱེད་ནས་ས་རྒྱུའི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་དགོས། གྲོང་ཁྱེར་ཡོངས་ཀྱི་སྔོ་ཚལ་དྲོད་ཁང་ཆེ་མོའི་གནས་ཚུལ་ཤེས་རྟོགས་ཡོང་བར་བརྟག་ཞིབ་གཏིང་ཟབ་བྱས་ཏེ།དྲོད་ཁང་ཆེ་མོའི་སྔོ་ཚལ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གང་ལེགས་གཏོང་ནས་ཁྱད་ལྡན་སོན་བཟང་མུ་མཐུད་རྒྱ་སྟོབས་ཆེ་རུ་གཏོང་དགོས།ཁྱད་ལྡན་ཞིང་ཕྱུགས་ཐོན་ཟོག་གི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་བདེན་དཔང་ར་སྤྲོད་ལས་དོན་སྤེལ་ནས་བོད་ཆབ་དྲ་རྒྱའི་ཐད་གཏོང་ནས་ཐོན་ཟོག་ཕྱིར་འཚོང་གི་རྣམ་པ་གསར་པ་འཚོལ་ཞིབ་དང་ཡར་རྒྱས་གཏོང་དགོས།

བྱེད་ཐབས་སྣ་མང་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ལ་འབབ་འཕར་ཡོང་བ་བྱེད་པའི“ལྟེ་བའི་ལས་འགན”ལ་དམ་འཛིན་བྱེད་དགོས།“འབབ་འཕར་གྱི་བྱ་ཐབས་ནུས་ལྡན་བཅུར”དམིགས་ནས་འགན་འཁྲི་ཏན་ཏིག་འཁུར་བ་དང་། སྒྲིག་འཛུགས་ཞིབ་ཚགས་བྱེད་པ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་བ་བྱེད་དགོས།དབུལ་སྐྱོར་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་དགོས། ནུས་རྒྱུ་གཙང་མ་གསར་སྤེལ་དང་།ལྗང་མདོག་གཏེར་ལས་འཕེལ་རྒྱས།ཁྱད་ལྡན་རིག་གནས་ཡུལ་སྐོར་བཅས་ཀྱི་ཁྲོད་རྒྱུན་མཐུད་འཐུས་ཚང་གི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་གཏོད་དགོས།ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་གནད་སྨིན་དོན་འཁྱོལ་བྱས་ཏེ་ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་མང་པོ་བསྡུས་ནས་སྟོབས་ཆེར་གཏོང་བ་དང་ལེགས་སུ་གཏོང་དགོས་ལ།ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་བ་དང་།ཟུར་སྣོན་རིན་ཐང་མང་དུ་གཏོང་བ།འབབ་འཕར་ལ་སྐུལ་ཁྲིད་ཏན་ཏིག་བཅས་བྱེད་དགོས།རྩ་འཛུགས་ཅན་གྱི་སྒོ་ནས་ངལ་ནུས་ཕྱིར་གཏོང་བྱེད་རྒྱུ་དེ་འབབ་འཕར་ཡོང་བའི་གལ་ཆེའི་ཐབས་ལམ་ཞིག་ཏུ་བརྩིས་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དང་།དྭངས་གཙང་ནུས་རྒྱུ་གསར་སྤེལ་བྱེད་རྒྱུར་དམིགས་ཏེ་ཞིང་འབྲོག་མང་ཚོགས་ལ་རྩལ་ནུས་སྦྱོང་བརྡར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་ནས་སྒྲིག་འཛུགས་ཅན་གྱི་ངལ་ནུས་ཕྱིར་གཏོང་བྱེད་དགོས། ཆབ་མདོའི་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆར་བརྟེན་ནས་ཁེ་ལས་ཀྱི་ལས་ཚབ་སྦྱོང་བརྡར་སོགས་ཀྱི་བྱེད་ཐབས་སྤྱད་དེ་རིག་གནས་ཆུ་ཚད་ངེས་ཅན་ལྡན་པའི་གཞོན་ནུ་ཞིང་འབྲོག་པ་སྒྲིག་འཛུགས་བྱས་ནས་ནང་སའི་ལས་རིགས་སློབ་གྲྭར་སློབ་སྦྱོང་བྱེད་བཅུག་པ་དང་བཅའ་སྡོད་བྱ་ཡུལ་ཁེ་ལས་ཁག་ལ་ཁ་ཕྱོགས་ནས་ལས་ཞུགས་ཐུབ་པ་བྱེད་དགོས།

དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་གཏོང་བའི“གཙོ་གནད་ལས་འགན”ལ་དམ་འཛིན་བྱེད་དགོས།“གྲོང་ཚོ་སྟོང་ལ་དཔེ་སྟོན་དང་གྲོང་ཚོ་ཁྲི་ལ་བཅོས་སྒྲིག་བྱེད་པའི”ལས་གྲྭའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱད་དེ“མཚམས་མི་འཇོག་པ་བཞི”ཡི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས“འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་འགན་ལེན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས།ཚན་རིག་དང་མཐུན་པར་དབུལ་པོ་བསྐྱར་ལོག་གི་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་རྒྱ་སྐྱེད་འོས་འཚམ་གཏོང་བ་དང་སྨན་བཅོས་དང་དམངས་སྲིད་སོགས་སྡེ་ཁག་མཉམ་འགུལ་ཕྱོགས་བསྡུས་ཀྱིས་འགན་སྲུང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས།ས་ངན་ནས་གྲོང་ཁྱེར་བརྒལ་བའི་གནས་སྤོ་ཁྱོན་ཡོངས་ནས་བརྟན་པོའི་ངང་སྤེལ་བ་དང་།གནས་སྤོའི་མང་ཚོགས་ལ་ལས་ཞུགས་སྦྱོང་བརྡར་དང་།ཐོན་ལས་རོགས་སྐྱོར།དམངས་འཚོ་འགན་སྲུང་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་དགོས།རྨང་གཞིའི་སྒྲིག་བཀོད་ཤར་གཏོང་ཐུབ་པའི་བྱ་སྤྱོད་སྤེལ་ནས་གློག་དྲ་གཙོ་བོ་སྣུར་སྲིང་དང་གྲོང་གསེབ་ཀྱི་གློག་དྲ་སྲ་བརྟན་དང་རིམ་སྤོར་གྱི་ལས་གྲྭར་མགྱོགས་མྱུར་ཡར་རྒྱས་གཏོང་དགོས། ས་བབ་མཐོ་བའི་སློབ་གྲྭར་དྲོད་རླངས་མཁོ་འདོན་གྱི་ལས་ཀ་མུ་མཐུད་བསྒྲུབ་ནས་ཞིང་འབྲོག་ཁུལ་གྱི་སློབ་གསོ་སློབ་ཁྲིད་ཀྱི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་དགོས།རྒྱུན་རྣམ་ཅན་གྱི་སྒོ་ནས་ཐུམ་འབུའི་ནད་དང་།གྲུམ་ནད་ཚབས་ཆེན།ལྷན་སྐྱེས་སྙིང་ནད་བཅས་གྲལ་བཤེར་སྐྱོབ་བཅོས་དང་HPVཡི་རིམས་འགོག་སྨན་ཁབ་ཡག་པོ་རྒྱག་པ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་རྨང་གཞིའི་ཆ་རྐྱེན་མུ་མཐུད་ལེགས་སུ་གཏོང་དགོས། “དམངས་འཚོའི་བྱ་བ་དངོས་21”ཡག་པོ་བསྒྲུབ་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་།གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་སོགས་ཀྱི་ཁ་གསབ་ཚད་གཞི་མུ་མཐུད་མཐོ་རུ་གཏོང་བ།སྤྱི་ཚོགས་འགན་སྲུང་གི་ཉེན་འགོག་དྲ་བ་རྒྱུན་ཆད་མེད་པར་དམ་ཚགས་སུ་གཏོང་དགོས།“མཛེས་པའི་གྲོང་ཚོའི”ལས་གྲྭ་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ།གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་ཁུལ་གྱི་རང་འབབ་ཆུ་ཀ་ལ་དང་དུད་ཚང་ཁག་ལ་གསང་སྤྱོད་མེད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་ནས་གསང་སྤྱོད་གསར་བརྗེ་དང་མི་ཕྱུགས་ལོགས་སུ་འབྱེད་པའི་ལས་དོན་མུ་མཐུད་བསྒྲུབ་དགོས།

རྨང་གཞི་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་བཅོས་སྐྱོང་གི“འདེགས་སྐྱོར་གལ་ཆེན”ལ་དམ་འཛིན་ནན་པོ་བྱེད་དགོས། གྲོང་ཨུད་ཀྱི་“ཁོར་ཡུག་བཅོས་སྐྱོང་ལོ་”ཡི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ།སྤྱི་ཚོགས་བདེ་འཇགས་ཡོང་བའི་ཁོར་ཡུག་སོགས་གཙོ་བོར་བྱེད་པའི་འཕེལ་རྒྱས་ཁོར་ཡུག་བཅོས་སྐྱོང་འབུར་དུ་ཐོན་པར་བྱེད་པ་མ་ཟད།ཁོར་ཡུག་འཕྲོད་བསྟེན་དང་རྣམ་པ་བསྒྱུར་བཀོད་སོགས་གཙོར་བྱས་པའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལ་ཡང་དམ་འཛིན་ལེགས་པོ་བྱེད་དགོས།གཙོ་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་གཙོ་རྐང་དང་གཞི་རིམ་ཏང་ཡོན་ལ་སློབ་གསོ་སྦྱོང་བརྡར་བྱེད་པར་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས།བཅོས་སྐྱོང་ལྔ་”མཉམ་འདྲེས་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་སྲིད་ཇུས་དྲིལ་བསྒྲགས་དང་། འགལ་བ་འདུམ་སེལ། དྲ་མིག་ཅན་གྱི་དོ་དམ།ཁྲིམས་སྐྱོང་སློབ་གསོ། བཅའ་ཁྲིམས་ཞབས་ཞུ་སོགས་གཙོ་གནད་ལས་དོན་གཅིག་གྱུར་འཆར་འགོད་བྱེད་ནས། བཅོས་སྐྱོང་གི་གཙོ་གནད་གཤམ་སྒྱུར་དང་ཐོན་ཁུངས་གཤམ་སྒྱུར་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་“ཧྥེང་ཆའོ་ཡི་ཉམས་མྱོང”དང་“ཕུའུ་ཅང་གི་ཉམས་མྱོང”རྒྱུན་འཁྱོངས་དང་གོང་སྤེལ་གཏོང་སྟེ།འགལ་ཟླ་དང་རྩོད་གཞི་རྣམས་གཞི་རིམ་ནས་ཐག་གཅོད་ཏན་ཏིག་ཐུབ་པ་དང་། དང་ཐོག་ནས་རྩ་མེད་བཟོས་ཏེ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས“ཞིང་གསུམ”ལས་དོན་གྱི“རྩ་བའི་འགན་ལེན”ལ་དམ་འཛིན་བྱེད་དགོས།རིམ་ཁག་སྡེ་ཚན་ཁག་གི་འགོ་ཁྲིད་གཙོ་བོས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས“ཞིང་གསུམ”ལས་དོན་དེ་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ནང་བཞག་པ་དང་།བསམ་གཞིག་བྱས་ཏེ་ཇུས་འགོད་བྱེད་པ་དང་འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་ལས་དོན་དོན་འཁྱོལ་དང་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས།གྲོང་གསེབ་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་།གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་འགན་བསྒྲུབས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་བརྩོན་སེམས་གཅིག་གྱུར་འཆར་འགོད་དང་སྐུལ་སློང་ཡག་པོ་བྱེད་དགོས། རྫོང(ཆུས)ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་གཙོ་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅིའི་ཞི་ཅིན་ཕིང་གིས་གྲོང་གསེབ་དར་རྒྱས་དང་།“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སོགས་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་ཡག་པོ་བྱས་ནས། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་བླང་བྱ་ཁག་དང་ཞིང་དར་ཞིང་ཕན་སྲིད་ཇུས་ལ་གོ་བ་གནད་ལ་འཁེལ་བ་བློངས་ཐོག ལག་བསྟར་གནད་ལ་འཁེལ་བ། དོན་འཁྱོལ་ཏན་ཏིག་ཐུབ་པ་བཅས་བྱེད་དགོས། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བེད་སྤྱོད་དང་། གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོར་བརྩི་བ་མཐའ་འཁྱོངས་བྱས་ཏེ་ཞིང་ལས་དངོས་གནས་ཤེས་པ་དང་། གྲོང་གསེབ་ལ་དགའ་བ། ཞིང་པར་དགའ་བ་བཅས་ཀྱི་“ཞིང་གསུམ་”ལས་བྱེད་པའི་དཔུང་ཁག་ཅིག་བསྐྲུན་པར་འབད་བརྩོན་བྱེད་དགོས།རིམ་པ་ཁག་གི་ལས་བྱེད་པ་དང་ལྷག་པར་དུ་“ཞིང་གསུམ་”འཐབ་ཕྱོགས་ཀྱི་བློ་མཐུན་ཚོས་བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་ནས་“ཞིང་གསུམ་”ལས་དོན་གྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་ཞིང་ཁ་ནང་དང་མུ་ཁར་མང་ཙམ་འགྲོ་བ་དང་།ཁྱིམ་ཚང་ཁྲི་སྟོང་མང་པོར་མང་ཙམ་བསྐྱོད་པ། དམངས་ཀྱི་བསམ་འདུན་གསལ་པོ་བཟོ་བ་དང་།གནད་དོན་མཐིལ་རྟོགས་བྱེད་པ། བྱ་ཐབས་ཡང་དག་འཚོལ་བ་བཅས་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཚོགས་འདུ་ཡིས་2023ལོར་གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་བ་དང་གྲོང་གསེབ་དར་རྒྱས་དང་ནུས་ལྡན་གྱི་འབྲེལ་མཐུད་དཔྱད་ཞིབ་བྱ་ཚུལ་བརྡ་ཁྱབ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི“ཞིང་གསུམ”ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད།

ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པ་ཐོག་ནས་འཚོགས་ཤིང་། ཆབ་མདོ་གྲོང་ཁྱེར་གྱི་ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན་དང་།ཆབ་མདོ་ཡན་ལག་དམག་ཁུལ་ཁང་།དྲག་ཆས་ཉེན་རྟོག་ཆབ་མདོ་ཉིང་ལག་རུ་ཁག་གི་འགན་འཁུར་བློ་མཐུན།གྲོང་ཁྱེར་གྱི་(ཀྲུང་དབྱང་དང་ལྗོངས་)ཚན་པ་ཁག་གི་འགན་འཁུར་བློ་མཐུན།དེ་བཞིན་རྫོང(ཆུས)ཀྱི་ལས་བགོས་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།