国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年02月06日

ཆབ་མདོ་གྲོང་ཨུད་ཀྱི་སྲིད་ཁྲིམས་ལས་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1ཚེས30ཉིན་གྱི་སྔ་དྲོ། གྲོང་ཨུད་སྲིད་ཁྲིམས་ལས་དོན་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུད་ཏང་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཧྲེང་ཚོགས་འདུ་ནང་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

2024ལོའི་སྲིད་ཁྲིམས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད།ཀྲང་ཝུན་ཧྲེང་གིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་དགོས་ཤིང་།རྒྱལ་ཁབ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ།ཏང་གིས་ཆབ་མདོར་སྲིད་སྐྱོང་བའི་གནས་བབ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ལ།སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ།སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཤིང་།སྤྱི་ཚོགས་དྲང་སྙོམས་དང་དྲང་བདེན་ཡོང་བར་འགན་ལེན་དང་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་པར་མཐུན་རྐྱེན་སྦྱར་བ་དང་ཞབས་འདེགས་ཞུ་དགོས་ལ།སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཞབས་འདེགས་དང་འགན་ལེན་ཧུར་ཐག་བྱས་ཏེ་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས་པ་དང་།ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་ཉེན་རྟོག་པ་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལྷག་བསམ་རྣམ་དག་དང་སྤྱོད་ཚུལ་གཙང་ཞིང་འགན་འཁྲི་ཁུར་དུ་བཟོད་པའི་བོད་ཤར་སྲིད་ཁྲིམས་ཀྱི་དམག་ཧྲག་ཅིག་གཏོད་དགོས་ཞེས་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་ད་དུང་སྲིད་ཁྲིམས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་སྲིད་ཁྲིམས་ཚོགས་འདུའི་དགོངས་དོན་དང་།ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་གྱི་མཆན་བཀོད་མཛུབ་སྟོན་དང་ལྗོངས་ཏང་ཨུད་ཀྱི་སྲིད་ཁྲིམས་ལས་དོན་ཚོགས་འདུའི་དགོངས་དོན། ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་ཐད་གནང་བའི་མཆན་འགོད་མཛུབ་སྟོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཧྲི་ཀྲང་གཞོན་པ།གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ།གྲོང་ཁྱེར་སྤྱི་བདེ་ཅུད་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།ཅུད་ཀྲང་ཉི་མ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི། ཡོན་ཀྲང་ཚེ་བརྟན་གཡང་འཛོམས་ཚོགས་འདུར་ཕེབས་ཡོད།

ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པ་ཐོག་ནས་འཚོགས་ཤིང་།གྲོང་ཁྱེར་དུ་ཚོགས་ར་གཙོ་བོ་དང་རྫོང་ཆུས་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་པ་རེད།