འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་3ཉིན་གྱི་སྔ་དྲོ།གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་2024ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། གྲོང་ཨུད་ཀྱི་རྒྱུན་ཨུ།སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཝུན་ཧྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཡོད།
ཀྲང་ཝུན་ཧྲེང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་།སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ། གྲོང་ཁྱེར་སྒྲིག་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ནས་མིག་སྔའི་དུས་བབ་ལ་དབྱེ་ཞིབ་ནན་ཏན་བྱེད་པ་དང་2024ལོའི་གཙོ་གནད་ལས་དོན་ཁག་ཡག་པོ་བསྒྲུབས་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཀྲང་ཝུན་ཧྲེང་གིས་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱོན་ཡོངས་ནས་ཉེན་རྟོག་པར་བཅོས་སྐྱོང་ནན་པོ་བྱེད་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་ངང་སྤེལ་བ། ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ཉེན་ཟོན་སློབ་གསོ་རྒྱུན་རྣམ་ཅན་དུ་བསྒྱུར་བ་དང་། ངན་རེངས་ཅན་རྒོལ་གཏུག་ཕོད་པ་བཅས་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས་ཞེས་དང་།དམ་བསྒྲགས་རྣམ་པས་སྲུང་འཛིན་བྱས་ཏེ་ཁྲིམས་འགལ་ལུགས་དཀྲུག་ལ་ཞིབ་བཤེར་ནན་པོར་བྱེད་པ་དང་།མིག་སྔའི་གནས་བབ་ལ་ངོས་འཛིན་གསལ་པོ་བྱེད་ནས།སྔར་བས་ཚད་གཞི་མཐོ་བ་དང་སྔར་བས་བླང་བྱ་ནན་པོ་བཏོན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཉེན་རྟོག་པར་དོ་དམ་ནན་པོ་བྱ་རྒྱུ་གཏིང་ཟབ་ཏུ་སྤེལ་དགོས་ལ།སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་བྱེད་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱོད་ཚུལ་ལེགས་སྐྱོང་དང་སྒྲིག་ཁྲིམས་ནན་པོར་མུ་མཐུད་སྐུལ་འདེད་གཏོང་དགོས།ཕྱོགས་ཡོངས་ནས་འགན་འཁྲིའི་འབྲེལ་ཐག་ལ་དམིགས་ཏེ་རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་སྟེ་སྒྲིག་བརྩི་ཁྲིམས་སྲུང་གི་སྤྱོད་ཚུལ་བཟང་པོ་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས་རྒྱུན་སྲིང་ལྷོད་མེད་ངང་རང་ངོས་གསར་བརྗེ་བྱེད་པའི་དམག་འཐབ་ཡག་པོ་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།
གྲོང་སྤྱི་གཞོན་པ།གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་། ལྟ་ཞིབ་དཔོན་བཅས་ཡིན་པའི་ཉི་མ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་གཞོན་པས་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་ནས་2024ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།
ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པ་ཐོག་ནས་འཚོགས་ཤིང་། གྲོང་ཁུལ་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་རྫོང(ཆུས)ཁག་གི་སྤྱི་བདེ་ཅུས་དང་སྤྱི་བདེ་མངགས་གཏོང་ཁང་དུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།