འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་2ཉིན་གྱི་སྔ་དྲོ།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ།གྲོང་ཨུད་ཀྱི་ཧྲུའུ་ཅི།གྲོང་ཨུད་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་ཀྲུའུ་རེན་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། རྒྱལ་ཡོངས་ཀྱི་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཀྱི་དགོངས་དོན་དང་《ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་དྲ་བའི་བྱ་སྤྱོད་སྐོར་གྱི་གཏན་འབེབས་》བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཅན་གྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ།2023ལོའི་ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་དྲ་འཕྲིན་ལས་དོན་བསྒྲུབ་ཚུལ་གསན་པ་མ་ཟད། ད་ལོའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ལའོ་ཆིན་འུའུ་དང་ཝང་ཡ་ཏུང་།ཆིས་དབྱིན་ཧའེ།རྡོ་རྗེ་དགྲ་འདུལ།ལི་ཧྲི་ཅང་།ལི་པིན།ཀྲང་ཝུན་ཧྲེང་།དངོས་གྲུབ་ཟླ་བ།ཝུའུ་དབྱིང་ཧའེ།ཝང་ཧྲི་ཡུས།ཅ་ཤིན་ཡུས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཀུང་ཧུའེ་ཚའེ་ཡིས་རྒྱལ་ཡོངས་དང་།རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་སྐོར་གྱི་ཚོགས་འདུའི་བླང་བྱ་དང་འབྲེལ་ཡོད་གཏན་འབེབས་ལྟར།ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དུས་བབ་གསར་པའི་འོག་ཏང་གི་དྲིལ་བསྒྲགས་བསམ་བློའི་རིག་གནས་དང་།དྲ་རྒྱའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་པའི་གལ་ཆེའི་རང་བཞིན་གསལ་བཤད་གཏིང་ཟབ་བྱས་པ་དང་།གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་དྲིལ་བསྒྲགས་དང་དྲ་འཕྲིན་སོགས་སྡེ་ཚན་གྱིས་དགོངས་དོན་གྱི་ངོ་བོ་འཕྱུགས་མེད་ཁོང་དུ་ཆུད་པ་དང་འགག་རྩའི་གཙོ་གནད་ལ་དམ་འཛིན་བྱས་ཏེ་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད།
ཀུང་ཧུའེ་ཚའེ་ཡིས་འདས་ཟིན་པའི་ལོ་གཅིག་རིང་གྲོང་ཁྱེར་ཡོངས་ཀྱི་བསམ་བློའི་རིག་གནས་དྲིལ་བསྒྲགས་དང་དྲ་འཕྲིན་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་།དར་ཆ་སྒྲེང་བ།དམངས་སེམས་སྒྲིལ་བ།མི་གསར་སྐྱོང་བ།རིག་གནས་དར་སྤེལ།གཟུགས་བརྙན་མངོན་པ་བཅས་ཀྱི་ལས་འགན་ལ་དམ་པོར་བྱ་རྒྱུ་དམིགས་ནས།རིག་གཞུང་གི་དྲག་ཆས་སྤྲས་པ་དང་།གླེང་ཕྱོགས་དྲིལ་བསྒྲགས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་།འདུ་ཤེས་འཛིན་སྟངས་དང་དཔུང་ཁག་འཛུགས་སྐྱོང་བཅས་ལ་དམ་འཛིན་ཡག་པོ་བྱས་པ།རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བ་དང་།མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་དྲ་རྒྱའི་དོན་རྐྱེན་ཁག་གཅིག་དུས་ཐོག་ཏུ་ཤེས་རྟོགས་བྱས་པ་དང་།ཉེན་བརྡ་བཏང་བ།ཐག་གཅོད་ཡག་པོ་བཅས་བྱས་ཏེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་བྱས་ཡོད།འབྲེལ་ཡོད་སྡེ་ཁག་གིས་ང་རྒྱལ་དང་འཚབ་འཚུབ་སྤང་བ་དང་།མུ་མཐུད་འབད་བརྩོན་བྱེད་ཅིང་།དཔའ་ངར་ཆེར་བསྐྱེད་དང་།བྱེད་ཐབས་སྔར་ལས་ནུས་ལྡན།སྔར་ལས་དངོས་དོན་གཉེར་བ་བཅས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས། ལས་དོན་ཁག་ལེགས་པར་བསྒྲུབ་དགོས་པའི་རེ་བ་འདོན་པ་ཡིན་ཞེས་བསྟན་ཡོད།
ཀུང་ཧུའེ་ཚའེ་ཡིས་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་རིག་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་དགོས།ཞི་ཅིན་ཕིང་གི་རིག་གནས་དགོངས་པས་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།དུས་རབས་གསར་པའི་གནས་བབ་གསར་པ། ལས་འགན་གསར་པ་ཁོང་དུ་ཆུད་པ་བྱེད་དགོས་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་།སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་ཚོགས་འདུ་རིམ་བྱུང་སོགས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།རིག་གཞུང་ཞིབ་འཇུག་བཅས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་དམངས་ཡོངས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོ་དམ་འཛིན་ཡག་པོ་བཅས་བྱས་ཏེ། སྲིད་ཇུས་འགྲེལ་བཤད་དེ་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བྱེད་ཅིང་།མི་མང་ལ་ཁྱབ་ཐུབ་པ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཙོ་དོན་སློབ་གསོའི་གྲུབ་འབྲས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་ནས།ཏང་གིས་གསར་གཏོད་བྱས་པའི་རིག་གཞུང་དེ“ཁྱིམ་ཚང་ཀུན་ལ་ཁྱབ་པ་”བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་རིག་གནས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་དགོས་པ་སྟེ།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ་བའི་གཙོ་དོན་ལ་དམིགས་ནས།རིག་གནས་བརྩམ་ཆོས་གསར་རྩོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རིག་གནས་ཐོན་རྫས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ།དུས་རབས་ཀྱི་རྗེས་སུ་འབྲང་བ་དང་དུས་རབས་ལ་ལེགས་སྐྱེས་འབུལ་བ།འཚོ་བར་ཟབ་ཞུགས་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་འཛུགས་པ།རིག་གནས་སྤེལ་རེས་གཏིང་ཟབ་བཅས་བྱས་ཏེ།ཆབ་མདོ་འཕེལ་རྒྱས་དང་ཡར་ཐོན་གྱི་རྣམ་པ་བཟང་པོ་མངོན་པར་བྱེད་པ་དང་།ཆབ་མདོའི་ཕྱི་ཕྱོགས་ལ་སྙན་གྲགས་དང་།ཤུགས་རྐྱེན་ཐེབས་ཚད་བཅས་ཆེ་རུ་གཏོང་དགོས། ཡུས་རྨིན་ཧུང་ཚོགས་པ་ཆབ་མདོར་ཕེབས་ནས་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་བྱེད་པ་དང་།ཐད་གཏོང་ནང་དངོས་ཟོག་བཙོང་བར་རྨང་གཞི་ཡག་པོ་འདིང་བ།ཁོར་ཡུག་བཟང་པོ་བསྐྲུན་པ་བཅས་ལ་གྲ་སྒྲིག་ཡག་པོ་བྱས་ཡོད།རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་དྲ་ཐོག་བདེ་འཇགས་ཀྱི་གཡུལ་ས་བརྟན་པོ་འཛུགས་དགོས་པ་དང་།“7×24”ཡི་ཆུ་ཚོད་རེའི་དྲ་ཐོག་ལ་སྐོར་ཞིབ་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་།“དྭངས་གསལ་བྱ་སྤྱོད”དང་།“དྲ་རྒྱ་གཙང་བཅོས”སོགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས།རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་བྱེད་པ་དང་།མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་སོགས་ཆབ་སྲིད་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་ལ། དྲ་ཐོག་ནས་རྒོལ་རྡུང་བྱེད་པ་དང་།དྲ་ཐོག་ནས་མགོ་སྐོར་གཡོ་ལེན་བྱེད་པ།དྲ་ཐོག་ནས་རྐུ་ཁྱེར་བྱེད་པ་སོགས་ཀྱི་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་ནས། དྲ་རྒྱའི་བར་སྟོང་མུ་མཐུད་གཙང་བཅོས་བྱ་དགོས།རང་རྒྱལ་གྱིས་བཟོས་པའི་སྒྲིག་ཆས་སྲུང་སྐྱོང་ལ་དོ་དམ་ཡག་པོ་བྱེད་པ་དང་།གསང་འབྲེལ་གྱི་དྲ་བ་གསང་སྲུང་བྱེད་པ་དང་ཏང་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ནས།འཛུགས་སྐྲུན་དང་དོ་དམ།སྐྱེལ་འདྲེན།བཅོས་སྐྱོང་བཅས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་གསུང་གནང་ཡོད།
གྲོང་ཁྱེར་གྱི་འགོ་ཁྲིད་ལི་ཧྲི་ཅང་དང་ལིས་པིན།ཀྲང་ཝུན་ཧྲེང་།དངོས་གྲུབ་ཟླ་བ།ཝུའུ་དབྱིན་ཧའེ།ཝང་ཧྲི་ཡུས།ཅ་ཤིན་ཡུས་སོགས་ཚོགས་འདུར་ཞུགས་པ་རེད།