国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年02月06日

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ2ཚེས2ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི།གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཀུང་ཧུའེ་ཚའེ་ཡིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྩོམ་ཡིག་གི་སྙིང་སྟོབས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་”རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚོགས་འདུ་དང་།མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན།ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ།2023ལོའི་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་གྱི་སྙན་ཞུར་གསན་པ་རེད།

ལའོ་ཆིན་འུའུ་དང་།ཝང་ཡ་ཏུང་།ཆི་ཡིང་ཧའེ།རྡོ་རྗེ་དགྲ་འདུལ།ལི་ཧྲི་ཅང་།ལི་པིན།ཀྲང་ཝུན་ཧྲེང་།དངོས་གྲུབ་ཟླ་བ།ཝུའུ་ཡིན་ཧའེ།ཝང་ཧྲི་ཡུས།ཅ་ཤིན་ཡུས་བཅས་ཚོགས་འདུར་ཞུགས་པ་རེད།

ཀུང་ཧུའེ་ཚའེ་ཡིས2023ལོ་ནས་བཟུང་།གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་མཐོ་ཚད་ལྡན་པ་དང་།ཞབས་ཞུའི་ལྟེ་གནས་ལ་ནུས་པ་ལྡན་པ།གཞི་རིམ་བཅོས་སྐྱོང་ལ་ནུས་པ་ལྡན་པ།འཐབ་ས་འཛུགས་སྐྲུན་ལ་ནུས་པ་ལྡན་པ་བཅས་ཀྱི་སྒོ་ནས། ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་འགན་འཁྲི་གཙོ་བོར་དམིགས་པ་དང་དུས་བསྟུན་མདུན་སྐྱོད་དང་དྲང་སྲུང་གསར་གཏོད་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོའི་སྣེ་ཁྲིད་དེ་བསམ་བློ་གཏོང་ས་གཅིག་ཏུ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་བསྟན་ཡོད།།

ཀུང་ཧུའེ་ཚའེ་ཡིས་ལས་ཀའི་གཙོ་གནད་ལ་དམིགས་པ་དང་།ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དེའི་ནང་ཁྱབ་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། ལངས་ཕྱོགས་ཀྱི་ལྟ་བ་དང་བྱེད་ཐབས་བཅས་ལ་སྟངས་འཛིན་ཡག་པོ་བྱས་ཏེ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ནི་ཅི་ཞིག་ཡིན་པ་དང་།ཅི་ཞིག་སྒྲུབ་དགོས་པ།ཇི་ལྟར་སྒྲུབ་དགོས་པ་བཅས་གསལ་པོ་ཤེས་དགོས།གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་དགོན་སྡེའི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ།ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཏན་ཏིག་བྱེད་པ། འདུ་ཤེས་འཛིན་སྟངས་སིམ་འཛུལ་བཀག་འགོག་བྱེད་པ་བཅས་བྱས་ཏེ།ལྟ་བ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་དགོས་པ་དང་།མི་སེམས་རྒྱ་ཁྱབ་ཏུ་གཅིག་འགྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།དར་ཆ་གསལ་སྒྲེང་གིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་ཐོག་ནས།“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ།མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་བྱེད་པ།མི་རིགས་དྲིལ་བསྒྲགས་དང་ཁྱབ་སྤེལ་བྱེད་སྟངས་གསར་གཏོད་བྱེད་པ།ཀྲུང་ཧྭ་མི་རིགས་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིག་གཞུང་།དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་བཅས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱེད་དགོས། བོད་སྐྱོར་ཐབས་ལམ་ལ་བརྟེན་ནས།ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་སློབ་མ་དང་ཞིང་འབྲོག་མང་ཚོགས་ནང་སར་ལྟ་སྐོར་དང་།སློབ་སྦྱོང་།ལས་ཞུགས་བཅས་བྱེད་པར་འགྲོ་བའི་སྐུལ་ལྕག་བཏང་སྟེ། ནང་སའི་ཁེ་ལས་དང་མང་ཚོགས་དེ་བས་མང་བ་ཆབ་མདོར་ཡོང་ནས་མ་འཇོག་ལས་གཏོད་བྱ་རྒྱུའི་ཡིད་དབང་བཀུག་པ་དང་།མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་སློབ་སྦྱོང་དང་།མཉམ་སྐྲུན།མཉམ་སྤྱོད་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་དགོས། དུས་རབས་གསར་པའི་ཆབ་མདོའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལག་བསྟར་བསམ་འཆར་དོན་འཁྱོལ་ནན་ཏན་བྱེད་པ་དང་།སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་དང་ཏང་ཕྱིའི་མི་སྣར་མཛའ་འབྲེལ་གྲོགས་པོ་སྒྲིག་པ།ཁོང་ཚོས་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་ནས་བྱས་རྗེས་འཇོག་པ་དང་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལག་བསྟར་བསམ་འཆར་དང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དོན་ཚན་ཁག18དོན་འཁྱོལ་ནན་པོ་བྱས་ཏེ། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་གྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས།གྲོང་གསེབ་དར་རྒྱས་བཅས་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ཏེ། ལྟེ་བའི་ཡན་ལག་གྲོང་ཁྱེར་གྱི་འཛུགས་སྐྲུན་ལ་སྒུལ་ཤུགས་སྣོན་དགོས་ལ།བོད་རིགས་སྤུན་ཟླར་མཐུན་སྒྲིལ་དང་།སློབ་གསོ།ཁྲིད་སྟོན་བཅས་ཀྱི་ལས་དོན་ཧུར་ཐག་ངང་ཡག་པོ་བསྒྲུབས་ནས།ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་བ་བྱ་རྒྱུ་རྩ་བར་འཛིན་པ་དང་རྒྱལ་གཅེས་ནི་འབད་འཐབ་དམིགས་ཚད་དུ་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་སྟོབས་ཆེར་གཏོང་དགོས་ཞེས་ནན་གསུང་གནང་བ།