འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་2ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རྒྱུན་ཨུད་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཤིས་ཚིག་གི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཉེ་དུས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ། རང་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། 2023ལོའི་གྲོང་ཁྱེར་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་སྤེལ་ཚུལ་གྱི་སྙུན་ཞུ་གསན་པ་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་ཡོད།
ཀུང་ཧུའེ་ཚའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དེས་ང་ཚོར་བརྗོད་བྱ་གཙོ་བོའི་སློབ་གསོའི་གྲུབ་འབྲས་བེད་སྤྱོད་གཏིང་ཟབ་བྱེད་པ་དང་། སྒྲིག་གཞིའི་སྒྲིག་ཁོངས་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་གཅིག་གྱུར་ཐོག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། སྒྲིག་གཞི་སྒྱུར་བཅོས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བས་བསྒྲུབ་རྒྱུར་དམ་འཛིན་བྱེད་དགོས། སྒྲིག་གཞི་སྒྱུར་བཅོས་ཀྱི་དམིགས་ཚད་ལས་འགན་དང་དུས་ཚོད་བླང་བྱ་ཁོང་དུ་འཕྱུགས་མེད་ཆུད་པ་བྱས་ནས། སྒྲིག་ཁོངས་ཐོན་ཁུངས་ལ་སྤྱི་འདོམས་བེད་སྤྱོད་ཡག་པོ་བྱེད་པ་དང་། འཕར་ཚད་དང་གསོག་ཚད་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། གྲོང་གསེབ་དང་། ནུས་རྒྱུ། གཞི་གྲངས། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྒྲིག་གཞིའི་འགན་ནུས་བཀོད་སྒྲིག་དང་ལེགས་སྒྲིག་བཟང་སྒྲིག་གི་དགོས་མཁོར་བསམ་གཞིག་གང་ལེགས་བྱེད་པ། གོང་རིམ་གྱི་བླང་བྱ་དང་མཐུན་ལ་ཆབ་མདོའི་དོན་དངོས་དང་ཡང་འཚམ་པའི་སྒྱུར་བཅོས་ཇུས་གཞི་བཟོ་བ་བཅས་བྱས་ནས། སྒྱུར་བཅོས་ལ་དམིགས་ཚད་ཡོད་པ་དང་ཁ་ཕྱོགས་ཡོད་པ། ལེགས་ཆ་ཡོད་པ་བཅས་བྱས་ནས་སྒྲིག་གཞི་སྒྱུར་བཅོས་ལས་དོན་སྤེལ་འགོ་ཚུགས་རྗེས་དུས་མཚམས་ཀྱི་བླང་བྱ་ལྟར་སྤུས་ཚད་མཐོ་བར་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱེད་དགོས། སྒྲིག་ཁོངས་བཀོད་སྒྲིག་ཟམ་མི་ཆད་པར་ལེགས་སུ་གཏོང་དགོས། སྒྲིག་གཞིའི་སྒྲིག་ཁོངས་ལས་དོན་སྲོལ་ཡིག་དོན་འཁྱོལ་ནན་པོ་བྱས་ནས། གོང་ལ་སྙན་སེང་ཞུ་བ་དང་སྦྲེལ་མཐུད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། སྒྲིག་གཞིའི་སྒྲིག་ཁོངས་ཐོན་ཁུངས་དེ་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་དོན། གཞི་རིམ་གྱི་སྟོབས་ཤུགས་བཅས་ལ་ཕྱོགས་པ་བྱས་ནས་སྒྲིག་ཁོངས་ཐོན་ཁུངས་ཀྱི་ཕན་འབྲས་འདོན་སྤེལ་ཡག་པོ་བྱེད་ཅིང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་དགོས། ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་གཞི་ཚུགས་ནས་མཚོ་སྔོན་དང་། སི་ཁྲོན། ཡུན་ནན་བཅས་སྡེ་འབྲེལ་གྲོང་ཁྱེར་དང་ཀྲོའུ་ཡི་རྨང་གཞིའི་སྒྲིག་བཀོད་དང་།རིག་གནས་ཡུལ་སྐོར། ཐོན་ལས་འཕེལ་རྒྱས་སོགས་ཐད་ཀྱི་སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་དགོས། རང་སྐྱོང་ལྗོངས་ལ་སྙན་ཞུ་དང་འབྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཆབ་མདོའི་ཕྱི་ཕྱོགས་ཚོང་དོན་དང་སྒོ་དབྱེའི་སྤེལ་རེས་མཉམ་ལས་སྔར་བས་ཁྱབ་རྒྱ་ཆེ་བ་དང་།རིམ་པ་དེ་བས་མཐོ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པར་ད་ལོའི་ལས་དོན་ཇུས་འགོད་བྱ་དགོས།སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ཀྱི་ནང་དོན་ཁྱད་ཆོས་ལ་གོ་བ་གཏིང་ཟབ་ལེན་པ་དང་།ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་ལ་དམིགས་པ། གྲོང་ཨུད་ཀྱི་བླང་བྱ་གཞིར་བཟུང་ནུས་རྒྱུ་གཙང་མ་དང་།ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར་དང་ལུས་གསོ་སོགས་གཙོ་ཁྲིད་ཐོན་ལས་སྟོབས་ཆེར་གཏོང་བ།འདེབས་འཛུགས་དང་གསོ་ཚགས་སོགས་སྲོལ་རྒྱུན་ཐོན་ལས་རིམ་སྤོར་བྱེད་པ།གྲངས་གཞིའི་དཔལ་འབྱོར་དང་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ། “3+4”དེང་རབས་ཐོན་ལས་མ་ལག་ཧུར་ཐག་བཙུགས་ནས་ཆབ་མདོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་རམ་འདེགས་བྱེད་དགོས་ཞེས་བསྟན་གནང་ཡོད།
ཀུང་ཧུའེ་ཚའེ་ཡིས་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་བརྟན་པོ་འཛུགས་དགོས། རིམ་པ་སྡེ་ཚན་ཁག་གིས་བསམ་བློའི་ཐོག་ནས་རྨོངས་གཉིད་ལས་སད་པ་བྱས་ཏེ་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་པ་མཐའ་གཅིག་ཏུ་མེད་པ་བྱས་ནས“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་འཁུར་བ།མཉམ་འཛིན་སྤྱི་འདོམས། ལས་འཛོལ་གྱི་འགན་འཁྲི་བདའ་འདེད་”དང་“དོ་དམ་གསུམ་དང་ངེས་པར་དུ་གསུམ་”གྱི་བླང་བྱ་ལྟར་གཞུང་ལམ་འགྲིམ་འགྲུལ་དང་།བཟའ་བཅའ་དང་སྨན་རྫས།ཉེན་ཡོད་རྫས་རིགས།ཤོག་སྦག་སོགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ལྟ་བསྡོམ་ནན་པོ་བྱེད་དགོས།དགོན་པ་དང་ཁྲོམ་ར།ཨར་ཁང་སོགས་མི་སྣ་འདུ་འཛོམས་མང་བའི་གནས་སུ་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་ནས་འདུ་ཤེས་ཟབ་ཏུ་གཏོང་བ་དང་།འགན་འཁྲི་འཁུར་བ།མངོན་མེད་རྐྱེན་ངན་འཚོལ་བ་བཅས་བྱེད་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་རྒྱུ་ནན་འགོག་བྱེད་དགོས།རིམ་ཁག་འཕེལ་སྒྱུར་དང་ཚོང་དོན་སོགས་སྡེ་ཚན་གྱིས་ཁྲོམ་རའི་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་ནས་ཁྲོམ་རའི་རིན་གོང་གི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱེད་པ་དང་། དམངས་འཚོའི་ཚོང་ཟོག་གལ་ཆེན་ཁྲོམ་རའི་ཐོག་མཁོ་སྤྲོད་དང་རིན་གོང་གི་འགྱུར་ལྡོག་ལ་དབྱེ་ཞིབ་དང་བརྡར་ཤ་ཡག་པོ་གཅོད་དགོས། ཚོང་ལས་ཚད་བརྒལ་ལ་མཛུབ་ཁྲིད་བྱས་ཏེ་ཚོང་ཟོག་ལེགས་སྒྲིག་དང་ཚོང་ཟོག་གྲ་སྒྲིག་ཡག་པོ་བྱེད་ནས་དུས་ཆེན་རིང་མཁོ་སྤྲོད་འདང་ངེས་དང་རིན་གོང་སྤྱིའི་ཆ་ནས་འཚམ་པོ་དང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། རིམ་ཁག་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་དུས་མཚམས་གལ་ཆེན་དང་ལྷུ་ཚིགས་གལ་ཆེན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་བྱེད་པོའི་ཁྲིམས་སྲུང་ཚོང་གཉེར་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས། དུས་ཆེན་རིང་གི་དམངས་འཚོའི་ཚོང་ཟོག་ཐོན་སྐྱེད་དང་། འགྲོ་རྒྱུག བྲིན་ཚོང་། རིན་གོང་སོགས་ཐད་ཀྱི་གླེང་ཕྱོགས་གལ་ཆེན་ལ་དོ་ཁུར་ཆེན་པོ་བྱེད་ནས་ལམ་སེང་མང་ཚོགས་ཀྱི་དོ་ཁུར་ལ་ལན་ཡག་པོ་རྒྱག་དགོས་པ་དང་མང་ཚོགས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་དགོས། ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གོང་རིམ་ཏང་ཨུད་ཀྱིས་བསྟན་པའི་གནད་དོན་དང་མི་འདང་སར་དམ་པོར་དམིགས་ཏེ་གྲོང་ཨུད་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་སྒྲུབ་ཚུལ་བཤད་པའི་དཔྱད་གླེང་ཚོགས་འདུ་དང་ཏང་ཨུད་(ཏང་ཙུའུ)ཀྱི་ཧྲུའུ་ཅིའི་འགན་འཁྲི་སྒྲུབ་ཚུལ་བཤད་པའི་སྤྱོད་གཙང་གི་ཚོགས་འདུའི་ཐོག་རྫོང་(ཆུས)ཁག་གི་ལས་རིགས་ཁོངས་གཏོགས་ཀྱི་དཔྱད་བརྗོད་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ་ཟུར་བསྟན་ལེབ་མཐོང་གིས་དག་ཐེར་ནན་ཏན་བྱས་ནས་ཏང་ཨུད་(ཏང་ཙུའུ)ཀྱི་ཧྲུའུ་ཅིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་“འགན་འཁུར་མཁན་ཨང་དང་པོའི་”འགན་འཁྲི་ཏན་ཏིག་འཁུར་དགོས། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁ་ཕྱོགས་དམ་པོར་འཛིན་དགོས། སྲིད་ཁྲིམས་ལས་དོན་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་གྲོང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་།ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ།གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ།ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་སོགས་ཀྱི་ཐད་དཀའ་སྤྱད་འབད་བརྩོན་དང་ལས་དོན་ཏན་ཏིག་བསྒྲུབ་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་ཡོད།
ཀུང་ཧུའེ་ཚའེ་ཡིས་2023ལོར་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་དང་ཟུང་འབྲེལ་དམ་ཟབ་བྱས་ནས། སྤྱོད་ཚུལ་ལེགས་སུ་གཏོང་བའི་དོན་འཁྱོལ་ལ་དམ་འཛིན་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བཀོད་སྒྲིག་ཁག་དང་དེ་བཞིན་གྲོང་ཨུད་ཀྱི་“སྤྱོད་ཚུལ་ལ་སྐུལ་འདེད་གཏོང་བའི་”ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་“སྤྱོད་ཚུལ་བཞིའི་”གནད་དོན་བཀག་འགོག་ནུས་ལྡན་དང་གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་ལས་དོན་ཁག་ལ་སྤྱོད་ཚུལ་ཡག་པོ་འགན་ལེན་མཁོ་འདོན་བྱེད་དགོས་ལ།གྲོང་ཁྱེར་ཡོངས་ཀྱི་རིམ་པ་སྡེ་ཚན་ཁག་གིས་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་བྱེད་དགོས་པ་དང་།གྲོང་ཨུད་ཀྱིས་“སྤྱོད་ཚུལ་གཏིང་ཟབ་ཏུ་གཏོང་བའི་ལོའི་”ལས་ཀའི་བླང་བྱ་ལྟར་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ཁག་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་ཞེས་བསྟན་གནང་ཡོད།
ལའོ་ཆིན་འུའུ་དང་ཝང་ཡ་ཏུང་། ལིས་ཧྲེ་ཅང་། ལིས་པིན། ཀྲང་ཝུན་ཧྲེང་། དངོས་གྲུབ་ཟླ་བ། ཝུའུ་དབྱིན་ཧའེ། ཝང་ཧྲི་ཡུས། ཅ་ཤིན་ཡུས་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།