འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1ཚེས25ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་། དུས་བདེའི་ཆབ་མདོ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ཡོད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་ནན་དབྱང་གྲོང་ཁྱེར་ཧྥང་ཁྲེང་རྫོང་ཏུའུ་ཧྲུའུ་གྲོང་རྡལ་གྱི་ཕུལ་བྱུང་ཤེས་ལྡན་སློབ་གྲྭའི་ཉལ་ཁང་ལ་མེ་ཤོར་བའི་ལས་འཛོལ་ཐོན་པ་དང་། ཡུན་ནན་ཀྲའོ་ཐུང་གྲོང་ཁྱེར་ཀྲེན་ཞུང་རྫོང་དུ་རི་ཉིལ་བ། ཅང་ཤིས་ཤིན་ཡུས་གྲོང་ཁྱེར་ཡུས་ཧྲུའེ་ཆུས་ཀྱི་ཁྲོམ་གཞུང་ཚོང་ཁང་ལ་མེ་ཤོར་བའི་ལས་འཛོལ་སྐོར་དང་སྲིད་ཁྲིམས་ལས་དོན་ཐད་མཆན་བཀོད་མཛུབ་སྟོན། དེ་བཞིན་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུ་དང་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་རྒྱལ་ཡོངས་བརྙན་འཕྲིན་ཚོགས་འདུ།《སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབས》བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཚོགས་འདུའི་ཐོག འབྲེལ་ཡོད་བློ་མཐུན་གྱིས2023ལོར་གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་། དུས་བདེའི་ཆབ་མདོ་འཛུགས་སྐྲུན་བཅས་ཀྱི་ལས་དོན་གནས་ཚུལ་སྙན་སེང་ཞུས་ཡོད། ལའོ་ཆིང་འིའུ་དང། ཝང་ཡ་ཏུང་ཚོགས་འདུར་ཕེབས་ཡོད་པ་རེད།
ཀུང་ཧུའེ་ཚའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས་ང་ཚོས་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམ་དུ་བཏང་ནས། སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་འགན་འཁྲི་སྒྲུབ་པ་དང་མུ་མཐུད་འབད་འཐབ་བྱ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུ་དང་།རྒྱལ་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ཚོགས་འདུ།《སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་སྐོར་གྱི་གཏན་འབེབས》བཅས་ཀྱིས་ང་ཚོས་བརྟན་ལྷིང་སྲུང་སྐྱོང་དང་།གཞི་རིམ་བཅོས་སྐྱོང་།ཡིག་བསྐུར་ངོ་བཅར་འདུམ་འགྲིག་སོགས་ཀྱི་ལས་དོན་བསྒྲུབ་རྒྱུར་ལས་འགན་ཁ་གསལ་དང་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་ལ་གོ་བ་གཏིང་ཟབ་ལེན་པ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད།
ཀུང་ཧུའེ་ཚའེ་ཡིས་འདས་ཟིན་པའི་ལོ་གཅིག་རིང་།གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་སོགས་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱིས་གཏན་ལ་ཕབ་པའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། “7+1”བརྟན་ལྷིང་སྲུང་སྐྱོང་དང་འགོག་ཟོན་བྱ་ཐབས་དང་ “རྗེས་སྙིག་དང་འགོག་ཟོན་ལྔ་དང་བརྟན་སྲུང་ལྔའི”དམིགས་ཚད་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་པ་དང་ཚན་རིག་དང་མཐུན་པའི་ཇུས་འགོད་དང་།སྤྱི་འདོམས་སྐུལ་འདེད།ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བཅས་བྱས་པས།ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ་དང་།གྱོད་གཞི་འགག་སྒྲོལ་ནུས་ལྡན་བྱུང་བ།འགལ་ཟླ་དང་ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཞིབ་ཚགས་བྱས་པ།གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ།སྲིད་ཁྲིམས་དཔུང་ཁག་གིས་ཟམ་མི་ཆད་པར་ཉམས་སད་ཐེག་སྟེ་ཆབ་མདོ་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་ཟམ་མི་ཆད་པར་སྲ་བརྟན་དུ་ཕྱིན་ཡོད།འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཞིག་དང་།“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་ཅིང་།“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་འགག་སྒྲོལ་ལོ་ཞིག་ཡིན་ལ། ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ལོ་གལ་ཆེན་ཞིག་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་གཏན་འཁེལ་བྱས་པའི་བྱ་ཐབས་དོན་འཁྱོལ་ཡག་པོ་དང་།ཉེན་ཁ་དང་འགྲན་སློང་ལ་དོགས་ཟོན་ཡག་པོ་བྱེད་པ།ཐོལ་བྱུང་གནས་ཚུལ་ཐག་གཅོད་ཡག་པོ།རྙོག་འཛིང་ཆེ་བའི་དུས་བབ་སྟངས་འཛིན་ཡག་པོ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་གཡས་གཞོགས་གཡོན་འདེགས་བཅས་བྱེད་དགོས་ཞེས་བསྟན་ཡོད།
ཀུང་ཧུའེ་ཚའེ་ཡིས་བསམ་བློའི་རྩ་བ་དམ་པོར་བཟུང་སྟེ།ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ལ་ཁ་གཏད་གཅོག་པའི་ཇུས་གཞིའི་སྔོན་ཇུས་ཁག་སྔར་བས་འཐུས་ཚང་དུ་གཏོང་བ་དང་།འདི་ལོ་དུས་བདེའི་ཆབ་མདོའི་འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་དང་སྐར་གྲངས་དཔྱད་བསྡུར་གྱི་ཚད་གཞི་ཁ་གསལ་བཟོ་བ།སྔོན་འགོག་དང་གྲ་སྒྲིག་གནད་སྨིན་བྱེད་པ།དམིགས་ཚད་དང་ལས་འགན་ཁ་གསལ་བཟོ་བ།ལས་དོན་དོན་འཁྱོལ་ནུས་ལྡན་བཅས་བྱེད་དགོས། རྒྱུན་རྣམ་ཅན་གྱིས“དཔུང་ཆུང་”དང“ཚན་ཆུང་”དངོས་འཐབ་ནང་སྦྱོང་སྒྲིག་འཛུགས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་ཀྱི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་ནས། འགག་རྩའི་དུས་སུ་འཐེན་ཐུབ་པ་དང་།སྤྱོད་ཐུབ་པ།རྒྱལ་ཁ་ཐོབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་ནན་གསུང་གནང་ཡོད།
ཀུང་ཧུའེ་ཚའེ་ཡིས་མིག་སྔར་དུས་ཆེན་གཉིས་སླེབས་ལ་ཉེ་བའི་སྐབས་འདིར་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། ཕྲག་ཐོག་ཏུ་འཁུར་བ་དང་ལག་གིས་དམ་པོར་འཛིན་པ་བཅས་བྱས་ཏེ།སྤྱི་ཚོགས་བདེ་འཇགས་ལ་དོ་དམ་ཡག་པོ་བྱེད་ཅིང་། མི་གསོད་གྱོད་གཞིའི་འགག་སྒྲོལ་དང་ནག་སེལ་གཤེད་འཇོམ་བཅས་བྱས་ཏེ“དོ་དམ་བཞིའི”བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་།རྐུ་འཕྲོག་བསླུ་གསུམ་དང་།འཆལ་རྒྱན་དུག་གསུམ། མེ་མདའ་དང་། འབར་གས། གྲི གློག་འཕྲིན་ཁ་བསླུས་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་ནས་སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས་ལ།ཆོས་ལུགས་དགོན་སྡེ་དོ་དམ་ཡག་པོ་བྱེད་པ་དང་། དགོན་སྡེའི“གཏན་ནས་མི་ཆོག་པ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་ཆོས་ལུགས་ལས་རིགས་ལ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། ཆོས་ལུགས་ཡུལ་བབ་ཅན་ལ་ཁ་གཏད་གཅོག་རྒྱུར་དོགས་ཟོན་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་།བསྟན་དོན་ལམ་ལྷོངས།དགོན་སྡེ་ཞི་མཐུན་བཅས་ཡོང་བ་འགན་ལེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལ་དོ་དམ་ཡག་པོ་བྱེད་པ་དང་།གློག་སྤྱོད་མང་བའི་དུས་དང་། གངས་འཁྱགས་ཀྱི་གནོད་འཚེ་མང་པོ་ཐོན་པ་སོགས་ཀྱི་གནད་དོན་ལ་དོགས་ཟོན་ཆེན་པོ་བྱེད་པ།མེ་ཟོན་བདེ་འཇགས་དང་།འགྲོ་ལམ་འགྲིམ་འགྲུལ།ཨར་སྐྲུན་ལས་ཡུལ།བཟའ་བཅའ་དང་སྨན་རྫས་སོགས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་མུ་མཐུད་གྲལ་བཤེར་ཡག་པོ་བྱེད་དགོས། གནམ་གཤིས་ལས་ཁུངས་ཀྱིས་ཁ་བ་ཆེན་པོ་སོགས་གནམ་གཤིས་སྔོན་བརྡ་དང་སྔོན་ཚུད་ཀྱི་ཉེན་བརྡ་དུས་ཐོག་ཏུ་ཡག་པོ་གཏོང་བ་དང་།འགྲིམ་འགྲུལ་དང་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་གཞུང་ལམ་ཁག་ལ་སྐོར་སྐྱོད་ལྟ་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་ནས།དུས་ཐོག་ཏུ་གཞུང་ལམ་ཐོག་གི་ཁ་བ་དང་འཁྱག་པ་གཙང་འཕྱགས་ཡག་པོ་བཟོས་ཏེ།རླངས་འཁོར་སོགས་ཉེན་མེད་ཤར་གཏོང་གི་ལས་དོན་ཡག་པོ་བསྒྲུབ་དགོས། མེ་ཟོན་དང་ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་གྱིས་མི་ཚོགས་མང་བའི་ཁུལ་དང་། གཙོ་གནད་ཁུལ།དེ་བཞིན་ཤོག་སྦག་ཚོན་ཁྲ་ཅན་དང་།གློག་སྤྱོད་པ་དང་དྲོད་རླངས་སྤྱོད་པ།རྡོ་སོལ་ཁྲོ་ཐབ་སོགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་བདེ་འཇགས་ལས་འཛོལ་མི་ཐོན་པའི་སྔོན་འགོག་བྱེད་དགོས་ཞེས་བསྟན་ཡོད།
ཀུང་ཧུའེ་ཚའེ་ཡིས་དམངས་ལ་ཞབས་འདེགས་ཞུ་བའི་བསམ་བློ་བརྟན་པོ་བཅངས་ནས“ཕུའུ་ཅང་ཉམས་མྱོང་”དང་“གཞི་རིམ་དུ་སྤེལ་བ་བཞིའི”སྲོལ་རྒྱུན་བཟང་པོ་བརྟན་སྲུང་བྱས་ཏེ་འགོ་ཁྲིད་ལས་བྱེད་པས་ངོ་བཅར་ཞུ་གཏུག་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་གཤམ་ལ་བཅར་འདྲིར་འགྲོ་བའི་ལས་ཀའི་འགན་འཁྲིའི་ལམ་ལུགས་དང་ཐོག་མའི་འགན་འཁྲིའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་གྲོང་ཨུད་རྒྱུན་ཨུད་ཚན་ཁག་གིས་སྣེ་ཁྲིད་དེ་ཡིག་བསྐུར་ངོ་བཅར་ཞུ་གཏུག་ལས་དོན་ཅུང་ཉམས་ཞན་གྱི་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ་དང་། ས་གནས་ས་ཐོག་ཏུ་གནད་དོན་ཐག་གཅོད་བྱེད་པ། “གོང་གཏུག་དེ་གཤམ་འདྲི་ལ་འགྱུར་བ”བཅས་བྱེད་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ལེགས་སྒྲུབ་ཐུབ་པ་བྱེད་དགོས་ལ། དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། “ལས་བྱེད་པ་སྟོང་ཕྲག་གྲོང་ཚོ་སྟོང་ཕྲག་ལ་སྐྱོད་པ་དང་། འགལ་བ་དང་ཉེན་ཁ་འབྱུང་གཞི་རྩད་ཞིབ་ཆེན་པོ་བྱེད་པའི་”བྱེད་སྒོ་མུ་མཐུད་སྤེལ་བ། རྩྭ་ཐང་གི་རྩོད་གཞི་དང་། ཁྱིམ་མཚེས་བར་གྱི་རྩོད་གཞི། གཉེན་སྒྲིག་རྩོད་གཞི། “ཆད་འགྱངས་གཉིས་”སོགས་འགལ་བ་དང་རྩོད་གཞི་དང་མངོན་མེད་རྐྱེན་ངན་རྩད་ཞིབ་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་ལེགས་བསྒྲུབས་བྱས་ཏེ་སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་སྔོན་འགོག སྔ་ཙམ་ནས་ཐག་གཅོད་བཅས་བྱ་དགོས། “གནད་འཁེལ་གསུམ་དང་ཐག་གཅོད་གཅིག་”རྒྱུན་འཁྱོངས་དང་། བཅའ་ཁྲིམས་དང་། གནས་ལུགས། བརྩེ་བ་བཅས་ཟུང་འབྲེལ་བྱེད་པ་མ་ཟད་“རྩོད་གཞི་དང་འགལ་བ་གཉིས་ཐག་གཅོད་བྱ་རྒྱུར”སྐུལ་འདེད་གཏོང་སྟེ། མང་ཚོགས་ཀྱི་“ཡིག་འབུལ་ཞུ་བཅར་ལ་ཡིད་ཆེས་བྱེད་པ་ལས་ཁྲིམས་ལ་ཡིད་ཆེས་མི་བྱེད་པ་དང་། གོང་ལ་ཡིད་ཆེས་བྱེད་པ་ལས་གཤམ་ལ་ཡིད་ཆེས་མི་བྱེད་པའི་”ནོར་འཁྲུལ་གྱི་འདུ་ཤེས་མཐའ་གཅིག་ཏུ་བསྒྱུར་དགོས་པའི་ནན་གསུང་གནང་ཡོད།
ཀུང་ཧུའེ་ཚའེ་ཡིས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། མང་ཚོགས་ཀྱི་གླེང་མང་བའི་གནད་དོན་དང་། གཞུང་དྲང་ཁྲིམས་འཛིན་ལ་ཚོད་འཛིན་བཟོ་བ། སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྐྱེན་བཟོ་བ་བཅས་ཀྱི་དཀའ་གནད་ལ་དམིགས་ཏེ་སྲིད་ཁྲིམས་དཔུང་ཁག་གི་ཁྲིམས་འཛིན་དང་ཁྲིམས་འཛིན་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ནང་མི་དམངས་མང་ཚོགས་ཀྱིས་དྲང་གཞག་དྲང་བདེན་ཡིན་པའི་ཚོར་སྣང་ཡག་པོ་མྱོང་ཚོར་ཐུབ་པ་བྱེད་དགོས། ཤང་གྲོང་དང་གྲོང་ཚོ(སྡེ་ཁུལ་)བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཧྥེང་ཆའོ་རྣམ་པའི་མངགས་གཏོང་ཁང་”དང་། “ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”འཛུགས་མགྱོགས་སུ་གཏོང་བ། འགལ་ཟླ་དང་གནད་དོན་གཞི་རིམ་དུ་ཐག་གཅོད་དང་གནད་དོན་ཆུང་དུས་ཐག་གཅོད་ཏན་ཏིག་ཐུབ་པ་བཅས་བྱེད་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཉེན་རྟོག་དྲོ་རུ་དང་ཉེན་རྟོག་པར་དགའ་པོ་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་ནས་ལས་བྱེད་ཉེན་རྟོག་པར་གུང་གསེང་ངལ་གསོ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་ངལ་གསོ་ཡག་པོ་ཕོག་པ་དང་ལུས་བདེ་སེམས་སྐྱིད་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ལིས་ཧྲེ་ཅང་དང་། ལིས་པིན། དངོས་གྲུབ་ཟླ་བ། ཝུའུ་དབྱིན་ཧའེ། ཝང་ཧྲི་ཡུས། ཅ་ཤིན་ཡུས། ཏེང་ཝུན་ཁྲང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།