国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月30日

ཐབས་མང་མཉམ་སྤྱོད་ཀྱིས་ཟོག་འགྲེམས་བདེ་འཇགས་ཀྱི་འགག་སྒོ་སྲུང་བ།

དུས་ཆེན་གཉིས་འཆར་ཉེར་ཡོད་པའི་སྐབས་སུ། དངོས་ཟོག་སྐྱེལ་འདྲེན་ལས་རིགས་ཀྱི་དུག་འགོག་དོ་དམ་ལམ་ལུགས་སྔར་བས་ཚད་ལྡན་དུ་བཏང་བ་དང་ཟོག་འགྲེམས་སྐུར་ལམ་བདེ་འཇགས་ཤར་བགྲོད་ཐུབ་རྒྱུའི་འགན་ལེན་བྱ་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གིས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་དང་ཆབ་མདོ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་དང་མཉམ་དུ་ཟོག་འགྲེམས་སྐུར་སྐྱེལ་ཁེ་ལས་ཁག་དང་མཉམ་འབྲེལ་ཐོག་དུག་འགོག་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱ་སྤྱོད་སྤེལ་བ་རེད།

ཞིབ་བཤེར་བྱེད་རིང་དུག་འགོག་མི་དམངས་ཉེན་རྟོག་པས་ཁེ་ལས་ཀྱི་ཐོ་འགོད་རྩིས་ཁྲ་དང་དངོས་མིང་བསྐུར་ལེན།དངོས་ཟོག་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་ཞིབ་ཕྲ་བྱས་པ་རེད།

སྐུར་སྐྱེལ་དངོས་ཟོག་གཏོང་སྤེལ་ཁེ་ལས་ཁག་གིས་སྐུར་སྐྱེལ་དངོས་རྫས་དང་མྱུར་སྐྱེལ་དངོས་རྫས་ཀྱི་བདེ་འཇགས་ཞིབ་བཤེར་ལས་དོན་ཡག་པོ་བསྒྲུབས་ཏེ།སྐུར་སྐྱེལ་གཏན་འགོག་དངོས་རྫས་དང་དུག་རྫས་བཟོ་སླ་བའི་རྫས་འགྱུར་དངོས་རྫས། དུག་འབྲེལ་དངོས་རྫས། ཉེན་ཆེའི་དངོས་རྫས་བཅས་ལ་ཞིབ་བཤེར་དང་།ཤན་འབྱེད་དང་ལྟ་ཞིབ་བྱེད་པའི་ལས་དོན་ནན་ཏན་སྒྲུབ་སྟེ།“100%”གསུམ་གྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། དངོས་ཟོག་སྐྱེལ་འདྲེན་ཁེ་ལས་ཁག་གིས་སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་དུག་རྫས་གཏན་འགོག་གི་བདེ་འཇགས་ལས་དོན་སྤེལ་རྒྱུ་ཡིན་ཞེས་མཚོན་པ་རེད།