国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月30日

འཇོ་མདའ་རྫོང་གིས་མཉམ་སྡེབ་ཐོན་ལས་ཀྱི་ཁེ་འབབ་བགོས་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་23ཉིན། འཇོ་མདའ་གྲོང་རྡལ་བདེ་འཛོམས་སྡེ་ཁུལ་གྱིས་2023ལོའི་ཐོན་ལས་ཁེ་འབབ་བགོ་བའི་མཛད་སྒོ་འཚོགས་ཤིང་། མཛད་སྒོ་སྤེལ་ཡུལ་དུ་མང་ཚོགས་ཚོའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ནས་མིང་རྟགས་བཀོད་པ་དང་མཛུབ་ཐེལ་བརྒྱབ་སྟེ་རང་ཉིད་ལ་དབང་བའི“ཡོང་འབབ”ལེན་པ་དང་ལས་དོན་མི་སྣས་གོ་རིམ་ལྡན་པའི་ངང་གྲོང་མིར་ཁེ་འབབ་དངུལ་སྤྲད་པ་རེད།

ད་རེས་ཀྱི་ཁེ་འབབ་བགོ་བའི་ཐོན་ལས་ནི་བདེ་འཛོམས་སྡེ་ཁུལ་གྱི་ལེ་ལག་ཚང་བའི་བོགས་གཏོང་ཚོང་ཁང་གི་ཐོན་ལས་ཤིག་ཡིན་ཞིང་། ཁྱོན་ཁེ་འབབ་སྒོར་ཁྲི་138ལྷག་ཙམ་སྤྲད་པ་དེས་མང་ཚོགས་དུད་ཚང་364ལ་ཕན་པ་ཐོབ་ནས་མང་ཚོགས་ལ་འབབ་འཕར་ཕྱུག་པོ་འགྱུར་བར་སྐུལ་མ་ནུས་ལྡན་ཐེབས་ཡོད། གོམ་སྟབས་རྗེས་མར་བདེ་འཛོམས་སྡེ་ཁུལ་གྱིས་འདི་གོ་སྐབས་སུ་བྱས་ནས་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་གྱིས་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱ་ཆེར་གཏོང་བ་དང་སྡེ་ཁུལ་གྱི་ཐོན་ལས་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་ཆབས་ཅིག་མང་ཚོགས་ལ་རང་བརྟེན་ལས་གཏོད་དང་ལས་ཞུགས་བྱ་རྒྱུར་སྐུལ་མ་དྲག་པོ་བཏང་ནས་གྲོང་མིར་སྡེ་ཁུལ་གྱི་ཐོན་ལས་དང་དཔལ་འབྱོར་དེ་བས་མང་བ་ལས་བྱུང་བའི་ཁེ་སྤོགས་ལོངས་སྤྱོད་ཐུབ་པ་བྱས་ཏེ་གྲོང་མིས་སྡེ་ཁུལ་གྱི་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་ནང་གང་མང་ཞུགས་པའི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བ་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱ་རྒྱུ་རེད།