དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས།གནམ་གཤིས་གྲང་བའི་རྐྱེན་གྱིས་རྒན་རྒོན་ཚོའི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས།རྒན་བཀུར་རྒན་གཅེས་ཀྱི་ཀུན་སྤྱོད་དར་སྤེལ་གཏོང་བ་དང་།རྒན་རྒོན་རྣམས་ཀྱིས་ཐོབ་སྣང་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་ཆེད།ཟླ་1ཚེས་26ཉིན་གྱི་སྔ་དྲོ།སྟེང་ཆེན་རྫོང་མི་དམངས་སྨན་ཁང་གི་སྨན་པ་དང་སྨན་དོན་མི་སྣས་སྟེང་ཆེན་རྫོང་གི་རྒན་རྒོན་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་རིན་པ་མི་དགོས་པར་གཟུགས་པོ་བརྟག་དཔྱད་དང་སྨན་བཅོས་ཀྱི་ཞབས་འདེགས་ཞུས་པ་རེད།
ཞོགས་པ་སྔ་པོ་ནས་སྨན་དོན་མི་སྣས་རྒན་གསོ་ཁང་དུ་ཡོངས་ནས་སྨན་བཅོས་བྱ་ཡུལ་མྱུར་མགྱོགས་བཀོད་སྒྲིག་དང་།སྨན་བཅོས་སྒྲིག་ཆས་སྣ་ཚོགས་གྲ་སྒྲིག་བྱས་ཏེ།རྒན་རྒོན་ཚོར་མཆིན་པ་དང་མཁལ་མའི་ནུས་པ་དང་།ཁྲག་འཁོར་རྒྱུག ཁྲག་ཤེད། Bཁྲའོ(མཆིན་པ་དང་མཁྲིས་པ། གཤེར་མ། མཆེར་པ)སོགས་ཀྱི་ནད་གཞི་བརྟག་དཔྱད་བྱས་པ་རེད།རྒན་རྒོན་རྣམས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་པ་དང་སྨན་དོན་མི་སྣས་ངང་རྒྱུད་རིང་པོས་དྲིས་ལན་བཏབ་པ་མ་ཟད། ཆེད་ལས་ཀྱི་བདེ་ཐང་མཛུབ་སྟོན་བྱས་ནས། རྒན་རྒོན་རྣམས་ཀྱིས་ཐེངས་འདིའི་འོས་འགན་སྨན་བཅོས་བྱ་འགུལ་ལ་བཀའ་དྲིན་མཚོན་པ་རེད། ད་རེས་ཀྱི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་དེས་སྨན་བཅོས་མི་སྣའི་ལས་རིགས་སྙིང་སྟོབས་དང་གཅེས་སེམས་མཚོན་པ་མ་ཟད།རྒན་རྒོན་ཚོར་སྤྱི་ཚོགས་ཀྱིས་དྲོ་སྐྱིད་དང་བརྩེ་བ་དེ་བས་ཟབ་མོ་མྱོང་ཚོར་ཐུབ་ནས། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག་རྒན་རྒོན་གྱི་བདེ་ཐང་དང་འཚོ་བའི་སྤུས་ཚད་དེ་བས་ལེགས་པའི་འགན་ལེན་ཐུབ་ངེས་རེད།