国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月30日

རང་གྲོང་ཁྱེར་གྱིས་2024ལོའི་དཔྱིད་བསུ་བུམ་པའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་ལུས་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་ཁྲིད་བྱས་ནས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ་དུས་ཆེན་གྱི་རྣམ་པ་ཞིག་གཏོད་ཆེད། ཟླ1པོའི་ཚེས26ཉིན་གྱི་སྔ་དྲོ། གྲོང་ཁྱེར་སློབ་གསོ་ཅུད་ཀྱིས་གཙོ་གཉེར་བྱས་པ་དང་གྲོང་ཁྱེར་སྤྱི་བདེ་ཅུད་དང་། གྲོང་ཨུད་དྲིལ་བསྒྲགས་པུའུ། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྒྲུབ་འགན་འཁུར་བའི་ཆབ་མདོ་གྲོང་ཁྱེར་གྱི་2024ལོའི“དཔྱིད་བསུའི་བུམ་པའི”ལན་ཆིའུ་སྤོ་ལོ་དེ་ཆབ་མདོ་གྲོང་ཁྱེར་གྱི་སློབ་ཆུང་དང་པོར་གཉེར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་འགྲན་བསྡུར་ཉིན་8བསྟུད་མར་བྱས་པ་དེ་འཐུས་མི་རུ་ཁག་བརྒྱད་ལས་གྲུབ་པ་དང་།དེའི་ནང་ལས་ཁུངས་ཀྱི་ལས་བྱེད་པ་ཡོད་ལ་སློབ་ཆེན་སློབ་མའང་ཡོད་པས།འགྲན་ཞུགས་མི་སྣ་ཁྱབ་རྒྱ་ཆེ་བ་དང་མཉམ་འགུལ་རང་བཞིན་ཆེན་པོ་ལྡན་ཡོད། འགྲན་སྡུར་གྱི་སྐད་བརྡ་གྲགས་པ་དང་བསྟུན་ནས་ཞིང་འབྲོག་ནགས་ཚལ་ཁོངས་གཏོགས་དང་སློབ་གསོའི་ཁོངས་གཏོགས་ཀྱི་རུ་མི་ཚོས་འགྲན་བསྡུར་ཛ་དྲག་གི་ནང་འཕྲལ་མར་ཞུགས་ནས་ད་ཐེངས་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཡང་དངོས་སུ་འགོ་ཚུགས་པ་རེད།