འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་25ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན། འཕྲིན་ལན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཉེ་དུས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་བཞུགས་མོལ་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ཡོད་ལ།རང་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ། 2023ལོར་གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་ཡོད།
ཀུང་ཧུའེ་ཚའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅིའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་དང་མཛུབ་སྟོན། འཕྲིན་ལན་བཅས་ནང་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པོ་རྒྱས་བཤད་གཏིང་ཟབ་གནང་བ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པའི་ཁ་ཕྱོགས་དང་བླང་བྱ་ཁ་གསལ་བཏོན་གནང་བ་མ་ཟད། རྒྱ་ཆེའི་ལས་གྲྭའི་ལག་རྩལ་མི་སྣར་ཐུགས་རེ་ནན་པོ་གནང་ནས་ང་ཚོས་དངུལ་རྩའི་ལས་དོན་དང་ལས་གྲྭའི་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་སྔར་ལས་ལེགས་པར་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་དོན་འཁྱོལ་དམ་འཛིན་ཏན་ཏིག་བྱས་ཏེ་ལྟེ་བའི་ཡན་ལག་གྲོང་ཁྱེར་གཙོ་བོ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“དཔལ་འབྱོར་དང་དངུལ་རྩ་མིག་མངས་འགྲིག་སྐོར་གཅིག་ལྟ་བུའི་བསམ་བློ་རྒྱུན་འཁྱོངས་བྱ་རྒྱུ་”བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལྟར། ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་དེ་དཔལ་འབྱོར་ལས་དོན་གྱི་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱས་ནས།
དངུལ་རྩ་རྒྱུན་མཐུད་ངང་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཁྲག་རྩ་ལྟ་བུ་ཡིན་ཞིང་། དངུལ་རྩར་གསོན་ཤུགས་ལྡན་ན་དཔལ་འབྱོར་ལ་གསོན་ཤུགས་ལྡན་པ་དང་། དངུལ་རྩ་བརྟན་ན་དཔལ་འབྱོར་བརྟན་པོ་ཡོང་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱས་ཏེ་དངུལ་རྩའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དངུལ་རྩའི་བསམ་གཞིགས་སྐྱེད་སྲིང་། དངུལ་རྩའི་སྒུལ་ཤུགས་འཕེལ་བར་བྱེད་པ།དངུལ་རྩའི་ཉེན་ཁ་སེལ་བ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བྱེད་པའི་”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལྟར། ཆབ་མདོ་དེ་ཉིད་“2023ལོའི་ལོ་འཁོར་གྱི་ཀྲུང་དབྱང་ནོར་སྲིད་ཀྱིས་ཀུན་ཕན་དངུལ་རྩ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དཔེ་སྟོན་ཁུལ”ལ་གྲུབ་འབྲས་ཐོབ་པའི་ངང་བདམས་ཐོན་བྱུང་བ་དེ་གོ་སྐབས་སུ་བྱས་ཏེ་མ་འཇོག་རྒྱ་ཆེར་གཏོང་བ་དང་། རྣམ་གྲངས་འཛུགས་པ། ཐོན་ལས་དར་རྒྱས་གཏོང་རྒྱུ་བཅས་ལ་དམིགས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་རྣམ་གྲངས་འཛུགས་སྐྲུན་གྱི་མ་འཇོག་དང་མ་རྩ་མཉམ་འདྲེས་ཀྱི་དགོས་མཁོ་དང་དེ་བས་གནད་སྨིན་འབྲེལ་མཐུད་བྱས་ནས་ཚོང་ལས་དངུལ་ཁང་ཁག་གིས་གོ་རིམ་ལེགས་སུ་གཏོང་བ་དང་། ཚད་གཞི་དམའ་རུ་གཏོང་བ། ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ལ་མུ་མཐུད་ཁྲིད་སྟོན་བྱས་ཏེ་རིམ་ཁག་ཁེ་ལས་འཕེལ་རྒྱས་ལ་དངུལ་རྩའི་ཞབས་ཞུ་དེ་བས་མང་བ་མཁོ་འདོན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ལས་གྲྭའི་ལག་རྩལ་ཤེས་ལྡན་པ་རང་ཚུགས་ངང་གསོ་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཞིགས་ནས། ཆབ་མདོའི་འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་གཞི་ཚུགས་ཏེ་ནུས་རྒྱུ་གཙང་མ་དང་ལྗང་མདོག་བཟོ་ལས་གསར་སྤེལ་གྱི་དོན་དངོས་ལ་གཞིགས་ཏེ་“ཕྱིར་གཏོང་དང་ནང་འདྲེན་ཟུང་དུ་འབྲེལ་བའི་”བྱ་ཐབས་གང་དྲག་སྤྱད་དེ་ལས་གྲྭའི་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆབ་མདོར་རོགས་སྐྱོར་གནང་མཁན་ཀྲུང་དབྱང་ཁེ་ལས་དང་ཆབ་མདོར་མ་འཇོག་བྱེད་མཁན་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆ་བེད་སྤྱོད་ཡག་པོ་གཏོང་ནས་ཁེ་ལས་ཀྱི་ལས་ཚབ་གསོ་སྦྱོང་བྱ་ཐབས་སྤྱད་དེ་ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་མ་དང་རིག་གནས་ཤེས་བྱ་ངེས་ཅན་ལྡན་པའི་ཞིང་འབྲོག་པའི་ན་གཞོན་རྣམས་ནང་སའི་ལས་རིགས་སློབ་གྲྭར་མངགས་ནས་སློབ་སྦྱོང་བྱེད་པར་སྒྲིག་འཛུགས་བྱས་ཏེ་སྦྱངས་འབྲས་ཐོན་རྗེས་ཁྲོན་བོད་ལྕགས་ལམ་དང་ཆུ་གློག་གསར་སྤེལ་སོགས་རྣམ་གྲངས་ལས་ཡུལ་དུ་ལས་ཞུགས་ཐུབ་པ་བྱེད་ཅིང་ཆབ་མདོའི་ལས་གྲྭ་འཛུགས་སྐྲུན་ལ་ས་གནས་དེའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་དང་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་དགོས་པའི་ནན་སྟོན་གནང་ཡོད།
ཀུང་ཧུའེ་ཚའེ་ཡིས་2023ལོ་ནས་བཟུང་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བྱེད་ཕྱོགས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་པ་དང་། རྩ་དོན་ནན་པོ་དང་། བྱ་ཐབས་ནན་པོ། རྣམ་པ་ནན་པོ་བཅས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་ལྟ་སྐུལ་དང་སྤྱོད་ཚུལ་ལེགས་སུ་བཏང་བ་དང་སྒྲིག་ཁྲིམས་ནན་དུ་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་བྱས་པས། སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་ནས་ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དེ་དུས་ནམ་ཡང་ལམ་བུའི་ཐོག་ཡོད་པའི་བློ་བརྟན་འགྱུར་མེད་དང་སྙིང་རུས་ཆེན་པོས་གནད་སྨིན་དང་རྒྱུན་མཐུད་ངང་ཤུགས་བརྒྱབ་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་རྒྱུན་སྲིང་དམག་འཐབ་མཐའ་གཅིག་ཏུ་རྒྱག་དགོས་ཞེས་བསྟན་ཡོད།
ཀུང་ཧུའེ་ཚའེ་ཡིས“ཞིང་གསུམ”ལས་དོན་ཏན་ཏིག་ངང་བསྒྲུབ་དགོས། ཞིང་པར་ཡོང་འབབ་མང་དུ་གཏོང་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་ལྟེ་བའི་ལས་འགན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཨུད་ཀྱི“འབབ་འཕར་གྱི་བྱེད་ཐབས་གལ་ཆེན་བཅུ”མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་ནས་དབུལ་སྐྱོར་ཐོན་ལས་ཀྱི“ཁག་གཅིག་ཞེས་པ་བཞི”ནན་ཏན་ངང་སྤེལ་ཏེ་ཁྱད་ལྡན་ལེགས་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ་སྟེ། ནས་དང་འབྲི་གཡག ཨ་དབང་ལུག བོད་ཕག་སོགས་ཞིང་འབྲོག་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་དང་ཐོན་ལས་ཁུལ་ཁག་གཅིག་ཚད་གཞི་མཐོ་པོས་བསྐྲུན་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་སྔར་བས་མང་དུ་འཕར་བ་དང་འཚོ་བ་སྔར་བས་ཡག་ཏུ་འགྲོ་བ་བྱེད་དགོས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་རྒྱུ་དེ་དུས་རབས་གསར་པ་དང་“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱེད་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཨུད་ཀྱི“ཁོར་ཡུག་བཅོས་སྒྲིག་ལོའི”ལས་ཀའི་བླང་བྱ་དང་ཟུང་འབྲེལ་བྱེད་ཅིང་། “ཁྲི་སྟོང་འདུ་འགོད་”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་ཀྱི་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དང་མི་ཕྱུགས་ལོགས་སུ་དབྱེ་རྒྱུར་སྐུལ་འདེད་གང་ལེགས་གཏོང་བ་དང་། གྲོང་གསེབ་ཀྱི“འགྲམ་བཞིར”ཤིང་འཛུགས་བྱེད་པ། སྒོ་ར་སྔོ་འགྱུར་དང་མཛེས་བཟོ་གང་ལེགས་བྱས་ནས་སྡོད་ས་སྐྱིད་ལ་ལས་ཀ་ཡོད་པའི་གྲོང་གསེབ་འཛུགས་སྐྲུན་གང་ལེགས་བྱེད་དགོས། ཏང་གིས་ཏང་ལ་དོ་དམ་བྱེད་པའི་དྲག་དཔུང་ལ་མུ་མཐུད་དམ་འཛིན་ལེགས་པོ་བྱ་དགོས། དམག་མིའི་བླ་སྲོག་བསྐྲུན་པ་དང་། དམག་གྲབས་ཤུགས་ཆེན་བྱེད་པ། འཛུགས་སྐྲུན་ལ་དམ་འཛིན་བྱེད་པ། བརྟན་ལྷིང་འགན་སྲུང་བྱེད་པ་བཅས་གཙོ་གནད་དུ་བྱས་ཏེ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྲུང་གི་སྐུལ་སློང་དང་། རྗེས་གྲབས་ཀྱི་སྟོབས་ཤུགས་འཛུགས་སྐྱོང་། དམག་ཞབས་ཐིམས་པའི་དམག་མིར་ལས་ཀ་བཀོད་སྒྲིག གཉིས་བཀུར་མཉམ་སྐྲུན་སོགས་ཀྱི་ལས་དོན་ཏན་ཏིག་ངང་བསྒྲུབ་ནས་དཔུང་སྡེའི་རྨང་གཞིའི་ཆ་རྐྱེན་མུ་མཐུད་ལེགས་སུ་གཏོང་དགོས།གྲངས་འཛིན་ཆབ་མདོ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། གྲངས་འཛིན་ཆབ་མདོ་འཛུགས་སྐྲུན་བྱ་རྒྱུ་ནི་འབྱུང་འགྱུར་འཕེལ་རྒྱས་ཀྱི་མཐོ་གནོན་བཙན་ས་མྱུར་འཛིན་དང་།ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་སྒུལ་ཤུགས་གསར་པ་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ《“དྲ་ཆེན་མཐའ་མཚམས”འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་།5Gདྲ་རྒྱ་བཀོད་སྒྲིག་ཟབ་ཏུ་གཏོང་སྟེ། དྲ་ཆེན་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཆབ་མདོ་གྲོང་ཁུལ་དང་རྫོང་གྲོང་གི་5Gཤང་གྲོང་ཁག་བཅས་ཀྱི་དྲ་རྒྱ་ཁྱབ་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
དམག་དཔུང་དང་ས་གནས་ཕྱོགས་གཉིས་པོས་མཉམ་གཏོད་མཉམ་དར་མཉམ་རོལ་བྱེད་ཅིང་།ཕན་ཚུན་སྐུལ་འདེད་དང་ཕན་ཚུན་ཡར་སྐུལ་གྱི་བྱེད་སྟངས་དང་བྱ་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ལ། བློ་གཅིག་སེམས་གཅིག་དང་ཐུན་མོང་ཐོག་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཐུན་མོང་ཐོག་བརྟན་དུ་གཏོང་དགོས། གྲངས་གཞིའི་ཆབ་མདོ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ་སྟེ། གྲངས་གཞིའི་ཆབ་མདོ་འཛུགས་སྐྲུན་བྱེད་ནས་འབྱུང་འགྱུར་འཕེལ་རྒྱས་ཀྱི་མཐོ་གནོན་བཙན་ས་བཟུང་བ་ནི་ལྟེ་བའི་ཡན་ལག་གྲོང་ཁྱེར་གསར་པ་བཟོ་བའི་སྒུལ་ཤུགས་གསར་པ་ཞིག་ཡིན་པ་དང་《“མཐའ་མཚམས་ལ་དྲ་ཆེན་བཟོ་བ་”འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་5Gདྲ་རྒྱའི་བཀོད་སྒྲིག་གཏིང་ཟབ་ཏུ་གཏོང་བ་དང་དྲ་ཆེན་གྱི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་ནས་ཆབ་མདོའི་གྲོང་ཁུལ་དང་། རྫོང་གྲོང་། ཤང་གྲོང་ཁག་བཅས་ལ་དྲ་རྒྱ་ཁྱབ་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་གསུངས་གནང་ཡོད།
གྲོང་ཁྱེར་གྱི་འགོ་ཁྲིད་ལིས་ཧྲེ་ཅང་དང་ལིས་པིན། དངོས་གྲུབ་ཟླ་བ། ཝུའུ་དབྱིན་ཧའེ། ཝང་ཧྲི་ཡུས། ཅ་ཤིན་ཡུས། ཏེང་ཝུན་ཁྲང་བཅས་ཚོགས་འདུར་ཕེབས་ཡོད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།