ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་གང་ཡིན་ནམ། ཆུ་ཐིགས་བསགས་ནས་རྒྱ་མཚོ་བཞིན། སྤྱོད་ཚུལ་ཇི་ལྟར་སྐྱོང་ལུགས་སྐོར“ཀུ་ཤུའི་གཏམ་རྒྱུད”གཉིས་ལས་གསལ་པོར་ཤེས་པ་ཡིན།
གཅིག་ནི་འབྲེལ་ཡོད་སྒྲིག་ཁྲིམས་སྐོར་གྱི་ཀུ་ཤུའི་གཏམ་རྒྱུད།
ཏང་གི་ཚོགས་ཆེན་ཉི་ཤུ་པ་མ་འཚོགས་གོང་གི་ཟླ་གཉིས་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེའོ་ཉིང་གི་ས་ཚིགས་དང་པོར་རྟོག་ཞིབ་གནང་སྐབས། ཅིན་ཀྲོའུ་གྲོང་ཁྱེར་དུ་གནས་པའི་ལེའོ་ཧྲེན་གཡུལ་འགྱེད་དྲན་གསོ་ཁང་དུ་ཕེབས། སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང“བདེན་པའི་རྒྱབ་ལངས་དཔུང་སྡེ”ཡི་གོས་དར་མདུན་དུ་ཙོག་པུར་བཞུགས། གོས་དར་རྒྱབ་ཀྱི་གཏམ་རྒྱུད་ནི་མི་སེམས་འགུལ་བ་ཞིག་ཡོད།
ལེའོ་ཧྲེན་གཡུལ་འགྱེད་རིང་། ཅིན་ཀྲོའུ་ཡི་གྲོང་གསེབ་ཏུ་ཀུ་ཤུ་སྨིན་པའི་དུས་ཚིགས་རེད། དཔུང་འཇུག་བྱེད་མཁན་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་རྣམས་བཀྲེས་ལྟོགས་ཀྱིས་མནར་ཡང་ཀུ་ཤུ་རྡོག་གཅིག་ཀྱང་བཀོག་མེད། ནན་པའི་སྒྲིག་ཁྲིམས་དེ་ལྟ་བུ་ལས་མི་སེར་གྱི་སེམས་པ་དྲོ་སོབ་སོབ་ཏུ་གྱུར།
“ཀུ་ཤུ་འདི་ལྟ་བུ་ང་ཚོས་ད་ལྟའང་ཟ་མི་རུང”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་དེ་ཚིག་ཚོ་ལ་དོན་ཟབ་པ་ཞིག་སྣང་།
“ང་ཚོས་ད་ལྟའང་ཟ་མི་རུང”གང་ལགས་ཤེ་ན། དེ་དག་ནི་མི་དམངས་ཀྱི་ཀུ་ཤུ་ཡིན་པས། མང་ཚོགས་ལ་དུས་རབས་གསར་པར་ཀུ་ཤུ་དེ་བས་ལེགས་པ་ཟ་རྒྱུ་ཡོང་ཆེད་རེད།
གཅིག་ཤོས་ནི་འཕེལ་རྒྱས་མཚོན་པའི་ཀུ་ཤུའི་གཏམ་རྒྱུད།
ཏང་གི་ཚོགས་ཆེན་ཉི་ཤུ་པ་གྲོལ་ནས་གཟའ་འཁོར་གཅིག་ཀྱང་མ་སོང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲའན་ཤིས་ཡན་ཨན་གྲོང་ཁྱེར་ཨན་སའེ་ཆུས་ཀའོ་ཆའོ་གྲོང་རྡལ་ནན་ཀོའུ་གྲོང་ཚོའི་ཤིང་འབྲས་ལྡུམ་རར་ཕེབས་པ་རེད། ཀུ་ཤུ་དམར་པོ་མང་པོ་བཏགས་ནས་ཡལ་ག་ཡང་གུག་ཅིང་། སྤྱི་ཁྱབ་ཧྲུའུ་ཅིས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་མ་ཟད། ད་དུང་ཀུ་ཤུ་དམར་པོ་ཆེན་པོ་ཞིག་ཀྱང་བཀོག་གནང་བ་རེད།
གསར་བརྗེའི་ལོ་རབས་སུ་བཏབ་པའི་ཀུ་ཤུའི་སྡོང་པོ་ཆུང་ཆུང་དེ་དག་ད་ཆ་ཡན་ཨན་ཞིང་ལས་ཀྱི་ཁྱད་ལྡན་ཐོན་ལས་ཆེ་ཤོས་སུ་གྱུར་ནས་འདེབས་འཛུགས་རྒྱ་ཁྱོན་གྱིས་ཧྲའན་ཤིས་ཀྱི་1/3དང་། རྒྱལ་ཡོངས་ཀྱི་1/9 འཛམ་གླིང་གི་1/20བཅས་ཟིན་གྱི་ཡོད་པས། རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ལ་བྲིན་ཁ་རྒྱུག་པོ་ཡོད་པ་རེད།
དུས་རབས་གསར་པར་ཡན་ཨན་གྱི་ཀུ་ཤུ་ལས་ཏང་ཡོན་ལས་བྱེད་པས་ཤིང་འབྲས་འདེབས་མཁན་ཞིང་པའི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་ལོ་རྒྱུས་བཀོད་ཡོད།
ལག་རྩལ་གསར་པ་ཁྱིམ་ཚང་དུ་ཁྱབ་གདལ་གཏོང་བ་ནི་ལས་སླ་པོ་ཞིག་གཏན་ནས་མིན། འོ་ན་ཇི་ལྟར་བྱེད་དགོས་སམ། ཏང་ཡོན་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་ཞིང་ནང་དུ་ཐེངས་མང་བསྐྱོད་དེ་ཕན་འབྲས་ཡོད་དོ་ཅོག་ཤིང་འབྲས་འདེབས་མཁན་ཞིང་པས་མཐོང་དུ་འཇུག་དགོས་པ་དེ་ཡིན།
ཐན་ཤོས་ཆེ་སར་ཆུ་ཧ་ཅང་དཀོན་པོ་ཡོད།འོ་ན་ཇི་ལྟར་བྱེད་དགོས་སམ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་སྲིད་ཇུས་དུས་ཐོག་ཏུ་ལག་བསྟར་བྱས་ནས་ཆུ་གྲོན་ཆུང་གི་ལག་རྩལ་ཞིང་ནང་དུ་སྤྱོད་དགོས།
ཁྲོམ་རའི་ཉོ་ཚོང་དང་ཉེན་ཁའི་དཀའ་གནད་ཇི་ལྟར་སེལ་དགོས་སམ།ཐབས་བརྒྱ་ཇུས་སྟོང་གིས་དྲ་ཐོག་ཚོང་དོན་དང་སྐྱེ་ཁམས་ཞིང་ལས་སོགས་ལས་རྣམ་གསར་པའི་བར་མཐོངས་བཏོད་དེ“འགན་བཅོལ་དང་དུས་བཅད་ཚོང་ཟོག་ཟུང་དུ་འབྲེལ་བའི”གསར་གཏོད་ལ་བརྟེན་ནས་འབབ་འཕར་བརྟན་གཏོང་གི་བདེ་འཇགས་དྲ་བའི་ཚགས་དམ་དུ་གཏོང་དགོས།
ཀུ་ཤུའི་ཐོན་ལས་འཁོར་འབྲེལ་ཞིང་དུད་ཆུང་ཆུང་ཁྲི་སྟོང་མང་པོ་དང་འབྲེལ་ནས་ཞིང་ལས་དང་།བཟོ་ལས།རིག་གནས་དང་ཡུལ་སྐོར་བཅས་མཉམ་འདྲེས་ཐུབ་སྟེ་དུས་རབས་གསར་པར“དཔག་བསམ་ཤིང”སྐྱེ་འཚར་ཡག་པོ་བྱུང་བ་དེ་ཐོག་ནས་ཞིང་ལས་དེང་རབས་ཅན་གྱི་གསང་བའི་ཨང་རྟགས་མངོན་ཡོད་ལ།སྤྱོད་ཚུལ་ལེགས་སུ་དང་རྨང་གཞི་བརྟན་དུ་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའང་མངོན་ཡོད།
ཅིན་ཀྲོའུ་ནས་ཡན་ཨན་བར་དང་།ལོ་རྒྱུས་ནས་དོན་དངོས་བར“ཀུ་ཤུའི་གཏམ་རྒྱུད”དང་དམ་པོར་འབྲེལ་བ་ཚང་མ་ནི“མི་དམངས”ཡིན་ཞིང་། ཐ་སྙད་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ལ་བབས་ཤོས་དེ་རེད།
2012ལོར།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་གྲོལ་ནས་ཡུན་རིང་མ་སོང་བར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ།《ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུའི་སྐོར་གྱི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་དོན་ཚན་བརྒྱད》ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་རེད།གྲོས་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོ་སྐྱིད་སྣང་དེ་ཙམ་དོད་པོ་མེད་པ་དང་སོས་དལ་བག་ཕེབས་དེ་ཙམ་མེད་ནའང།མི་སེར་རྣམས་སྐྱིད་སྣང་དོད་པ་དང་བློ་ཡིད་ཚིམ་ཚད་ཅུང་མཐོ་པོ་བྱུང་ན། དེ་ནི་ང་ཚོའི་ངོས་ནས་བརྗོད་ན་ཚོར་སྣང་ཡག་ཤོས་ཤིག་རེད”ཅེས་གསུངས་པ་རེད།
འགྱུར་མེད་ཀྱི་གཏན་འབེབས་དོན་ཚན་བརྒྱད་ནི་དྲོ་སྐྱིད་ལྡན་པ་དང་སྙིང་ཉེ་བའི་སྐད་ཆ་ཞིག་རེད།“བཅད་ཁ་ཆུང་ངུར”བརྟེན་ནས“འཕོ་འགྱུར་ཆེ་མོར”སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་སྤེལ་འགོ་ཚུགས་ཡོད།
མི་རྣམས་ཀྱིས་གསལ་པོར་ངེས་པ་ཞིག་ནི།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་པེ་ཅིང་ནས་ཀོང་ཏུང་དུ་རྟོག་ཞིབ་གནང་བར་ཐེངས་དང་པོ་ཕེབས་སྐབས། ཆེད་ལམ་མི་འཇོག་པ་དང་།ལམ་བཀག་སྡོམ་མི་བྱེད་པ། ས་གདན་དམར་པོ་མི་འདིང་བ་བཅས་དང་ཧོ་པེ་ཧྥུ་ཕིང་དུ་རྟོག་ཞིབ་གནང་བར་ཕེབས་སྐབས།ཞལ་ལག་ནི་ཚལ་བཞི་དང་ཐང་གཅིག་ཡིན་པ།སི་ཁྲོན་ལུའུ་ཧྲན་གྱི་ཡོམ་ཁུལ་དུ་ཕེབས་སྐབས་བཞུགས་ས་ནི་གནས་སྐབས་ཀྱི་སྟབས་བདེའི་ཁང་པ་ཡིན་པ་དེ་དག་ནི་དམངས་ཀྱི་ཁེ་ཕན་དོན་གཉེར་མང་ཙམ་བྱེད་པ་དང་དམངས་ཀྱི་སེམས་ཁྲལ་མང་ཙམ་སེལ་རྒྱུ་ཁོ་ནའི་ཆེད་དུ་ཡིན།
མི་རྣམས་སེམས་འགུལ་ཆེན་པོ་ཐེབས་པ་ཞིག་ནི། 2019ལོའི་ཉིན་ཞིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནམ་གྲུར་བཞུགས་ནས་ཁྲུང་ཆིང་དུ་འབྱོར་མ་ཐག་སླར་ཡང་མེ་འཁོར་ལ་བཞུགས་པ་དང་དེ་ནས་རླངས་འཁོར་ལ་བཞུགས་ཏེ་ཧྲི་ཀྲུའུ་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཀྲུང་དབྱི་ཤང་ཧྭ་ཤིས་གྲོང་ཚོར་ཕེབས་པ་དང་།ལོ་དེའི་ཟླ་བ་གཅིག་གི་ནང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕྱི་རྒྱལ་དུ་ཐེངས་བཞི་ཕེབས་པ་དང་རྒྱལ་ཁབ་ལྔ་ལ་ཕེབས་པ།ཕྱོགས་གཉིས་ཀྱི་བྱེད་སྒོ་ཐེངས་90ཙམ་ལ་བསྟུད་མར་ཞུགས་པ།ཕྱག་ལས་ཉིན་མཚན་བལྟོས་མེད་གནང་བའི་རྣམ་པ་དེར་དྲ་གྲོགས་ཚོའི་བསྔགས་བརྗོད་ཟབ་མོ་ཐོབ་ཡོད།
བྱ་སྤྱོད་ལ་བརྟེན་ནས་ནས་བཀའ་ཕབ་པ་དང་རང་དཔེ་གཞན་སྟོན་གྱིས་དཔེ་སྟོན་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་སུ་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་འོད་སྟོང་འཕྲོ་བའི་མིག་དཔེ་བསྟན་གནང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རུལ་རྒོལ་གྱི་སྲོལ་བཙུགས་ནས་བྱ་སྤྱོད་བཅོས་སྒྲིག་དང་གནས་ལུགས་ཁ་གསལ་དང་གདེང་ཚོད་ཆེ་རུ་བཏང་ནས་བསམ་བློར་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་ཡོད།“སྟག་རྡུང”དང་། “སྦྲང་རྡེག” “ཝ་རྔོན”སོགས་ཐབས་མང་མཉམ་སྤྱོད་བྱེད་པ་ནས་བྱེད་ཐབས་མང་པོས་ཏང་སྐྱོང་བའི“འཆིང་སྔགས”དངོས་སུ་བཏོན་པའི་བར་ཕྱོགས་སྟོན་གཅིག་ནི་དར་ཆ་གསལ་སྟོན་དང་།མི་སེར་ཀུན་ལ་གནོད་པའི་དོན་དེ་ཇི་ལྟར་ཆུང་ཡང་ངེས་པར་སེལ་བ།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བར་ལངས་ཕྱོགས་གཅིག་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཡོད།མི་སེར་ཀུན་ལ་ཕན་པའི་དོན་དེ་ཁབ་སྐུད་ལས་ཀྱང་ཕྲ་ཡང་བསྒྲུབས་ནས་ཐེངས་རེ་རེ་བཞིན་དངོས་ཡོད་ཀྱི་གནད་དོན་ལ་དམིགས་ནས་བསལ་བ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་གཅིག་སྡུད་ཐོག་གཙང་མ་བཟོས་ཏེ། སྲོལ་བཟང་དར་སྤེལ་བཏང་ནས་དམངས་འཚོར་ཕན་བཏགས་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
འཕེལ་རྒྱས་གཏོང་བར་ཁོར་ཡུག་བཟང་པོ་དགོས་པ་དང་ཁོར་ཡུག་བཟང་པོ་ཞིག་དགོས་ན་ཁྲིམས་སྐྱོང་ལ་བརྟེན་དགོས་ལ། ལས་བྱེད་པའི་སྤྱོད་ཚུལ་ལའང་བརྟེན་དགོས། “ལྕེ་ཐོག་གི་ཆུད་ཟོས”དང་། “འདུ་གནས་ཀྱི་སྲོལ་ངན” “འཁོར་ཐོག་གི་རྒྱས་སྤྲོས”སོགས་ཀྱི་སྤྱོད་ངན་བཀག་འགོག་ཐུབ་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་ཕྱིན་པ། ཁྲོམ་ར་ལུགས་མཐུན་དུ་གྱུར་པ། ཡ་མ་གཟུགས་ཀྱི་ཐོན་ལས་ཁག་གཅིག་རང་འགུལ་ངང་ལེགས་སྒྲིག་བྱེད་པར་ལྡོག་སྐུལ་ཐུབ་པ། ཁེ་ལས་ཀྱིས་གསར་གཏོད་དང་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་ཐུབ་པ། སྲིད་གཞུང་གིས་དམངས་འཚོ་ལེགས་སུ་གཏོང་བའི་འགྲོ་གྲོན་མང་དུ་གཏོང་བར་སྐུལ་མ་ཐེབས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་གཅོང་ནད་བཅོས་སྒྲིག་གཏིང་ཟབ་ཐུབ་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་པ། ཏང་ཡོན་ལས་བྱེད་པས་གནས་ཚུལ་དངོས་ལ་རྟོག་ཞིབ་དང་། བྱ་ཐབས་དངོས་འདོན་པ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་དོན་གཉེར་བཅས་ཀྱི་ཐད་ལ་འབད་བརྩོན་བྱས་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཅིང་། ཏང་ཡོངས་ཀྱིས“ནམ་ཡང་གདོང་མཆོང་གི་དུང་བརྡ་གཏོང་བའི”རྣམ་པའི་ཐོག་ནས་ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེ་མཐར་ཕྱིན་བྱས་ཏེ། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར“བདེ་སྐྱིད་ཀྱི་འབྲས་བུ”སྔར་ལས་མང་བ་འདོགས་པར་བྱས་ཡོད།
དམར་ཐིང་ཐིང་གི་ཀུ་ཤུ་དང་། འགྱུར་བ་མེད་པའི་ཐོག་མའི་བསམ་འདུན། འོད་སྟོང་འཕྲོ་བའི་ད་ཆ་དང་འབྱུང་འགྱུར།