国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月26日

ལོ་གསར་མཁོ་ཆས་ཉོས་ནས་དཔྱིད་གསར་དུས་ཆེན་བསུ། ཁྲོམ་གཞུང་གང་སར་ལོ་གསར་གྱི་རྣམ་པ་ཟབ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ་རང་གྲོང་ཁྱེར་གྱི་ཚོང་ར་ཁག་ཏུ་མི་ཚོགས་ཆེ་ཞིང་ཁ་ཟས་དང་།ཕྱེ་མ།མེ་ཏོག བྱེ་རིལ།ཤིང་འབྲས་སོགས་ལོ་གསར་གྱི་མཁོ་ཆས་སྣ་ཁ་འཛོམས་ལ་འབེལ་བས་རྒྱ་ཆེའི་འཛད་སྤྱོད་པ་ཚོའི་དགོས་མཁོ་བསྐངས་ཡོད།

ཉེ་ཆར། གསར་འགོད་པ་གྲོང་ཁྱེར་ནང་གི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཤིག་ཏུ་འགྲོ་དུས།

སྒོ་འཛུལ་མ་ཐག་ལོ་གསར་གྱི་རྣམ་པས་ཟབ་ཅིང་།ཨ་རག མངར་ཆ། ཤུན་ལྡན་ཤིང་ཏོག ལག་རྟགས་སྒམ་སོགས་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ཀྱིས་ཁེངས་ཡོད་པས།ཚོང་ཁང་ནང་ཚ་ཚ་འུར་འུར་དང་དགའ་སྤྲོའི་རྣམ་པས་ཁེངས་ཡོད། གནམ་གཤིས་གྲང་ན་ཡང་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ཉོ་བར་ཡོང་མཁན་རྫོགས་རྒྱུ་མེད་པ་རེད།

གྲོང་མི་ཀྲུའུ་ལེ་མིས་གསར་འགོད་པར“འདི་ལོ་ཆབ་མདོར་ལོ་གསར་གཏོང་རྩིས་ཡོད། སྒོ་རྩིས་ཚོང་ཁང་དེའི་ནང་སྣ་ཁ་འཛོམས་པོ་ཡོད་པ་དང་རིན་གོང་ཡང་དམའ་ལ་སྤུས་ཚད་ཀྱང་ཡག་པོ་ཡོད།ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་ཚར་ན་དགའ་དགའ་སྤྲོ་སྤྲོའི་ལོ་གསར་གཏོང་ཐུབ་ཀྱི་རེད།”ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཆེན་རིང་ཁྲོམ་རའི་ཉོ་སྒྲུབ་ཀྱི་དགོས་མཁོ་སྐོང་ཆེད། རང་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་གིས་དངོས་ཟོག་གྲ་སྒྲིག་བྱས་ཟིན་པ་མ་ཟད།དཔྱིད་གསར་དུས་ཆེན་རིང་རྒྱུན་གཏན་བཞིན་ཚོང་གཉེར་བྱས་ཏེ་ཆབ་མདོ་གྲོང་མིར་བློ་བདེའི་ཉོ་སྒྲུབ་ཀྱི་ལས་སྟེགས་མཁོ་འདོན་བྱས་ཡོད།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ་མི་སེར་ཚོས་ཅ་དངོས་ཉོ་བར་སྟབས་བདེ་ཡོང་ཆེད།ཆབ་མདོ་གྲོང་ཁྱེར་གྱི་ཏ་རོང་ཧྥ་རྒྱུད་འབྲེལ་སྒོ་རྩིས་ཚོང་ཁང་གིས་གྲོང་མི་ཚོར་ཐ་མག་དང་ཨ་རག བཏུང་བྱ།ཕག་ཤ།ཚགས་ཤ། སྔོ་ཚལ།ཤིང་འབྲས འབྲས།གྲོ་ཕྱེ།སྣུམ་སོགས་ཕུན་སུམ་ཚོགས་པའི་ཅ་དངོས་11000གྲབས་གསོག་བྱས་ཡོད།ལོ་གསར་རིང་རིན་གོང་སྤར་མེད་པ་མ་ཟད་ད་དུང་ཅ་དངོས་སྒོ་འགྲམ་དུ་སྐྱེལ་བའི་ཞབས་ཞུ་ཞུས་ནས་ཆབ་མདོའི་གྲོང་མི་གྲོགས་པོ་ཚོ་བློ་ཡིད་ཚིམ་པོ་ལོ་གསར་གཏོང་ཐུབ་པ་བྱ་རྒྱུ་ཡིན་”ཅེས་གྲོང་ཁྱེར་ཏ་རུན་ཧྥ་སྒོ་རྩིས་ཚོང་ཁང་གི་ཏུང་ཧྲི་ཀྲང་ཡན་ལི་རུང་གིས་གསར་འགོད་པར་བཤད།

ཚོང་པ་ཞིག་གིས་གསར་འགོད་པར་འདི་ལོའི་རྟེན་འབྲེལ་ཆ་ཡིག་“བདེ་སྐྱིད”ཞེས་པའི་ཡི་གེ་དང་འབྲུག་གི་གཞི་རྒྱུའི་ལྒང་ཞུ་ཕྱིར་ཚོང་བཅས་ཧ་ཅང་བྲིན་ཁ་རྒྱུག་པོ་འདུག སྐུ་མགྲོན་ཚང་མས“བདེ་སྐྱིད”ཞེས་པའི་ཡི་གེ་སྦྱར་བ་དང་འབྲུག་སྒྲོན་བཀལ་ནས་འབྲུག་ལོ་ལོར་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་བཤད།