国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月26日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ1ཚེས23ཉིན་གྱི་སྔ་དྲོ།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་《མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་བརྟེན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།》ཞེས་བཀོད་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་ཉེ་དུས་བློ་མཐུན་ཀུང་ཧུའེ་ཚའེ་ཡིས་སྲིད་གཞུང་གི་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གསན་པ་རེད།

ཚོགས་འདུའི་ཐོག་ནན་བཤད་གནང་དོན།སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་།ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས།བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་བ་དང་“རི་བོ་གཉིས”ཀྱི་འདུ་ཤེས་བརྟན་པོར་འཛུགས་པ།རི་ཆུ་ནགས་ཞིང་མཚེའུ་རྩྭ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་བྱས་ནས།ཚན་རིག་དང་མཐུན་པའི་སྒོ་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་འགྱུར་གྱི་བར་སྟོང་བྱ་སྤྱོད་དང་གྲོང་ཁྱེར་གྱི་སྒོ་རའི་སྔོ་འགྱུར་བྱ་སྤྱོད་སྤེལ་བ།གཙོ་གནད་ས་ཁོངས་ཀྱི་ནགས་བཟོ་སྔོ་འགྱུར་དང་རི་རྒྱ་བསྡམས་ནས་ཤིང་ནགས་གསོ་བ། སྐྱེ་ཁམས་སླར་གསོ་བཅས་ཀྱི་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱེད་པ།རང་སྐྱོང་ལྗོངས་ཀྱི་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཚུར་ལན་གནད་དོན་དག་ཐེར་ལས་དོན་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། ཚོགས་འདུའི་ཐོག་ནན་བཤད་གནང་དོན།གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྲིད་གཞུང་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་།གྲོང་ཨུད་འགོ་ཁྲིད་གཙོ་བོས་སྲིད་གཞུང་གི་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ།གཙོ་གནད་ལས་དོན་ལ་དམ་པོར་དམིགས་པ།ལས་དོན་ཁྲོད་ལྷག་པའི་གནད་དོན་དང་མི་འདང་བའི་ཆ་ལེགས་སྒྲིག་ནན་ཏན་བྱེད་པ།གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ།ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་བཅས་བྱེད་དགོས་ཤིང་།ལྟ་ཞིབ་ཁང་གིས་ཚད་གཞི་ལ་གཞིགས་ནས་ལས་ཀ་དོན་འཁྱོལ་བྱས་ཚུལ་ལ་རྒྱུན་མཐུད་ངང་ལྟ་སྐུལ་ཞིབ་བཤེར་ནན་པོ་བྱེད་པ་དང་དམ་བསྒྲགས་ཆེན་པོས་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

འབྲེལ་ཡོད་གྲོས་གཞིར་ཞིབ་འཇུག་བྱས་རྗེས། ཚོགས་འདུའི་ཐོག་བསྟན་དོན། འབྲེལ་ཡོད་སྡེ་ཚན་ཁག་གིས་ཁོངས་གཏོགས་ཁུལ་གྱི་དོ་དམ་དང་རིམ་དབྱེ་འགན་འཁུར།“སུས་གཙོ་སྐྱོང་བྱས་ན་དེས་འགན་འཁུར་བའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་ཆོས་ལུགས་བྱེད་སྒོའི་འཕྲལ་སྡོམ་སྔོན་ཇུས་སྔར་བས་ཞིབ་ཕྲ་བཟོ་བ་དང་འཐུས་ཚང་དུ་གཏོང་བ། མེ་སྐྱོན་དང་བདེ་འཇགས་ལས་འཛོལ་ཐོན་རྒྱུ་གཏན་འགོག་བཅས་བྱས་ཏེ།ཆོས་ལུགས་བྱེད་སྒོ་སྣ་ཚོགས་ཁྲིམས་དང་སྒྲིག་སྲོལ་ལྟར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས། ཁྲིམས་དང་སྒྲིག་སྲོལ་ལྟར་གྲོང་གསེབ་དར་རྒྱས་གཏོང་བའི་ཁ་གསབ་མ་དངུལ་བེད་སྤྱོད་ཡག་པོ་བྱེད་པ་དང་ཞིང་ལས་མཉམ་འབྲེལ་ཁུལ་གྱི་ཞིང་འབྲོག་ཞིང་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཐད་ཀྱི་ཁ་གསབ་མ་དངུལ་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། དབུལ་སྒྲོལ་ས་ཁུལ་དང་དབུལ་སྒྲོལ་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གྲོང་ཨུད་ཡི“ཁོར་ཡུག་བཅོས་སྒྲིག་ལོ”དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་གསང་སྤྱོད་གསར་སྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ། གནས་སྡོད་དང་ལས་ཞུགས། གནས་སྡོད་འཚམ་པ་བཅས་ཀྱི་མཛེས་སྡུག་ལྡན་པ་གྲོང་གསེབ་ཧུར་ཐག་གཏོད་དགོས།