འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་23ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་2024ལོའི་ཚོགས་འདུ་ཐེངས་དང་པོའི་(རྒྱ་ཆེ་)ཚོགས་འདུ་གཙོ་སྐྱོང་གནང་ནས་ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་ཏེ། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་སྙིང་དོན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་“དོན་ཆེན་བཞིར”དམིགས་པ་དང་“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བྱེད་པ་དང་། གྲོང་ཨུད་ཀྱི“22445”ཡི་སྤྱིའི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། ལོ་གསར་པའི་ནང་འབད་བརྩོན་ལྷོད་མེད་བཅས་བྱས་ནས་ལས་དོན་ཁག་ཡག་པོ་བསྒྲུབ་པ་དང་ཕན་འབྲས་དངོས་ཐོབ་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཏང་ཀྲུང་དབྱང་དང་།རང་སྐྱོང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ།མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོ་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ།ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བཅས་བྱས་ནས་ཆོས་ལུགས་འཆམ་མཐུན་དང་།ཆོས་ལུགས་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བ་འགན་ལེན་བྱེད་དགོས།ས་ཁོངས་རང་བཞིན་དང་དུས་ཚིགས་རང་བཞིན་གྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་
ཟབ་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གཞུང་ལམ་འགྲིམ་འགྲུལ་དང་མེ་ཟོན།ནགས་ཚལ་དང་རྩྭ་ཐང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ།བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ནས།སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་རྒྱུན་མཐུད་ངང་སྲུང་སྐྱོང་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན།“རྣམ་གྲངས་ལ་དམ་འཛིན་ཤུགས་ཆེན་བྱེད་པའི”སྟོན་ཕྱོགས་མངོན་གསལ་དོད་པོས་བརྟན་པོ་བཙུགས་ནས་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་ལས་དོན་གྱི“ལམ་སྲོལ་ཁག་གསུམ”དོན་འཁྱོལ་ནན་པོ་བྱས་ནས། རྣམ་གྲངས་དེ་བས་མང་བ་དེ“ལོ་ལྔ་ཚན་བཅོ་ལྔ་པའི”སྤྱི་ཡོངས་ནང་འཇུག་རྒྱུའི་བརྩོན་ལེན་བྱེད་དགོས།སློབ་ཆེན་སློབ་མའི་ལས་ཞུགས་བྱེད་སྟངས་གསར་པ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་བྱེད་པའི“གྲོང་ཁྱེར་གཅིག་གྱུར་འཆར་འགོད་དང་། རྫོང་བཀོད་གཏོང་། ཤང་ཐོ་འགོད། གྲོང་ཚོའི་རྩ་འཛུགས”བཅས་ཀྱི་བྱེད་སྟངས་བཙུགས་ནས། ལས་ཞུགས་འབབ་འཕར་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། རྫོང་ཁོངས་ཀྱི་དམ་ཟབ་རྣམ་པའི་སྨན་བཅོས་མཉམ་སྤྱོད་སྒྲིག་གཞི་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་གཏོད་མགྱོགས་སུ་གཏོང་བ་དང་། མ་བུའི་འཕྲོད་སྦྱོར་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། “གཉིས་ཆག་གཅིག་འཕར”གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས། སེམས་ཐག་གཙང་བཅད་ཀྱིས་རྣམ་གྲངས་ཀྱི་རྒྱུ་ནོར་ལེགས་སྒྲིག་དང་ཕན་སྒྱུརཚད་ལྡན། རྒྱུ་ནོར་རིམ་སྤོར་བཅས་བྱས་ནས“ཕུལ་བྱུང་གསུམ”གྱི་གཞུང་ཁོངས་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས།མ་འཇོག་དང་ནུས་རྒྱུ།གཏེར་ལས། ཞིང་སྤེལ།རིག་གནས་ཡུལ་སྐོར་བཅས་ཀྱི“ཚོགས་པ་ཆེ་གྲས་ལྔ”སྟོབས་ཆེར་གཏོང་དགོས།ཚོང་འགུགས་མ་འདྲེན་ལ་མུ་མཐུད་སྐུལ་འདེད་བཏང་ནས“སྐལ་བཟང་མེ་ཏོག”གི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཆབ་མདོའི་ཁེ་ལས་ཀྱི་ཚོང་རར་བཏོན་ནས་མ་དངུལ་འདུ་འཁོར་བྱེད་པར་རྒྱབ་སྐྱོར་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན།འབྲེལ་ཡོད་སྡེ་ཚན་ཁག་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩིས་ནས་རང་གྲོང་ཁྱེར་གྱི“ཞིང་གསུམ”ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པ་སྟངས་འཛིན་འཕྱུགས་མེད་བྱས་ཏེ“ཁྲི་སྟོང་འདུ་འགོད”ཀྱི་འཕེལ་རྒྱས་འདུ་ཤེས་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ།རང་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཇུག་སྒོ་དང་མཐུན་དགོས།དར་སྤེལ་གཏོང་བའི་འཇུག་སྒོ་ཞིག་ཡིན།“ཞིང་བརྟེན་འབྲུ་གསོག་དང་།རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ནས། གཞི་ཁྱོན་བརྟན་པོ་དང་མུའུ་རེའི་ཐོན་ཚད་གཉིས་ཀ་མཐོ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ།ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ།འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་དང་།ཐོན་ནུས།ཕན་འབྲས་དགོས་པ་བཅས་རྒྱུན་འཁྱོངས་བྱས་ཏེ།ནས་དང་ཨ་དབང་ལུག འབྲི་གཡག བོད་ཕག་སོགས་ཐོན་ལས་ཐད་ཁྱད་ཆོས་ལྡན་པའི་དགེ་མཚན་རྒྱ་སྐྱེད་གཏོང་བར་ཤུགས་སྣོན་རྒྱག་པ།ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གྲོང་ཚོའི་འཆར་འགོད་བཟོ་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ།གནས་སྡོད་དང་བྱ་གཞག་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཧུར་ཐག་སྐྲུན་དགོས།
ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
ཝུའུ་དབྱིང་ཧའེ་དང་ལིའུ་ཝུན་ཏེ། ཕུའུ་ཡུས་ཧུའེ། ཉི་མ་ཚེ་རིང་། ཝུའུ་ཅན་བཅས་ཞུགས་པ།

