国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月26日

ཀུང་ཧུའེ་ཚའེ་ཡིས་ཁ་རུབ་ཆུས་སུ་བརྟག་ཞིབ་དང་གཤམ་སྐྱོད་འཚམས་འདྲི་ལས་དོན་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ།ཟླ་1ཚེས་23ཉིན།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ།གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས“གཞི་རིམ་དུ་སྐྱོད་པ་བཞིའི”ལས་དོན་སྒྲུབ་སྟངས་ལག་ལེན་ནན་ཏན་བསྟར་ཏེ།ཁ་རུབ་ཆུས་བོད་ཕག་གསོ་སྤེལ་རྟེན་གཞི་དང་ཡེ་ཤེས་ཞིང་འབྲོག་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིར་བསྐྱོད་ནས་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་དང་གཞི་རིམ་གྱི་རེ་དོན་ལ་གསན་ཞིང་ས་གནས་ས་ཐོག་ཏུ་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་མི་དམངས་བླ་ན་མེད་པར་བརྩི་རྒྱུ་རྒྱུན་འཁྱོངས།དམངས་ལ་བཅངས་པའི་བརྩེ་སེམས་བརྟན་སྲུང་།བཅའ་ཁྲིམས་ལ་བརྟེན་ནས་བཅོས་སྐྱོང་དང་བཅའ་ཁྲིམས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པ།འགལ་བ་སེལ་བ།ཉེན་ཁ་འགོག་ཟོན་བཅས་བྱས་ཏེ།བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ།སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བཅས་སྔར་ལས་ལྷག་པ་བྱེད་དགོས།

ཁ་རུབ་ཆུས་བོད་ཕག་གསོ་སྤེལ་རྟེན་གཞི་རུ། ཀུང་ཧུའེ་ཚའེ་ཡིས་བོད་ཕག་གསོ་ཚགས་དང་བཤས་བཙོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནང་སའི་སྔོན་ཐོན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་མཁས་པོ་བྱས་ཏེ།གསོ་ཚགས་ཀྱི་ལག་རྩལ་དང་གཞི་ཁྱོན་ཆེ་རུ་བཏང་ནས་ཆབ་མདོའི་བོད་ཕག་ཐོན་ལས་དེ་བས་ཆེ་ལ་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་མཐུན་རྐྱེན་བཟོ་དགོས་ཞེས་ནན་གསུང་གནང་བ་རེད།ཡེ་ཤེས་ཀྱི་ཞིང་འབྲོག་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིར།ཀུང་ཧུའེ་ཚའེ་ཡིས་འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་ནན་ཏན་ངང་གསན་ནས།ལས་དོན་གྱི་འབྱུང་་རྩར་འདྲི་རྩད་དང་གནད་དོན་དབྱེ་ཞིབ།ཐག་གཅོད་བྱེད་ཐབས་ཀྱི་ཐབས་ལམ་ལ་གྲོས་བསྡུར་བཅས་བྱས་པ་མ་ཟད།དམིགས་སའི་རང་བཞིན་ལྡན་པའི་ཐག་གཅོད་བསམ་འཆར་དང་ཐག་གཅོད་བྱ་ཐབས་ཀྱང་བཏོན་ནས་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་དང་སྒྲིག་སྲོལ་བཞིན་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ངོ་བོ་སེལ་རྒྱུར་སྐུལ་འདེད་དང་གནད་དོན་དངོས་ཐག་གཅོད། མང་ཚོགས་ཀྱི་ཁེ་ཕན་འགན་ལེན་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཀུང་ཧུའེ་ཚའེ་ཡིས་ཆབ་སྲིད་ལ་སྣང་ཆེན་དང་འགན་འཁྲི་འཁུར་ཕོད་པ་བྱེད་དགོས།མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་ཀྱིས་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་བརྟན་པོ་འཛུགས་པ་དང་།དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང་”དང་།“ཕུའུ་ཅང་གི་ཉམས་མྱོང་”སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ་འགལ་ཟླ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་སྔ་ཙམ་ཤེས་རྟོགས་དང་ཆུང་ས་ནས་སེལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། སྒྲིག་ཁྲིམས་བརྩི་སྲུང་དང་ཁྲིམས་སྐྱོང་ལ་མཐོང་ཆེན་བྱ་དགོས།ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་དང་།ཁྲིམས་སྐྱོང་ཅན།བདག་སྤྲོད་ཁྲིམས་སྐྱོང་ཅན།ལས་སྒྲུབ་ཁྲིམས་སྐྱོང་ཅན།ལྟ་སྐུལ་འགན་འཁྲི་བདའ་འདེད་ཁྲིམས་སྐྱོང་ཅན།སྒྲིག་ལམ་ཁྲིམས་སྐྱོང་ཅན་བཅས་སུ་འགྱུར་བར་སྲུང་སྐྱོང་བྱེད་པའི་བླང་བྱ་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དངཁྲིམས་ལྟར་སྒྲུབ་པ་དང་།དོན་དག་བྱུང་ཚེ་ཁྲིམས་འཚོལ་བ།གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ།འགལ་བ་འདུམ་ཐབས་བཅའ་ཁྲིམས་ལ་བརྟེན་པ་བཅས་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་རྒྱུན་མཐུད་དུ་བསྐྲུན་དགོས།

སྤྱོད་ཚུལ་ལེགས་འགྱུར་དང་དོན་འཁྱོལ་དམ་འཛིན་བྱ་དགོས།གྲོང་ཨུད་ཀྱི་“སྤྱོད་ཚུལ་གཏིང་ཟབ་སྤེལ་བའི་ལོའི”བཀོད་སྒྲིག་བླང་བྱ་གཞིར་བཟུང་།ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཐག་གཅོད་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་།ལས་འགན་ཁ་གསལ་དང་འགན་འཁྲི་ནན་དུ་གཏོང་བ།ཡིག་འབུལ་ཞུ་བཅར་བསྐྱར་ཟློས་བཅོས་སྐྱོང་དང་ཡིག་འབུལ་ཞུ་བཅར་གྱི་གྱོད་རྙིང་སེལ་བའི་ཆེད་དོན་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས།

གྲོང་ཨུད་ཀྱི་རྒྱུན་ཨུ་གྲོང་ཨུད་དྲུང་ཆེ་ཅ་ཤིན་ཡུས་དང་གྲོང་ཨུད་ཀྱི་རྒྱུན་ཨུ་ཁ་རུབ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཏེང་ཝུན་ཁྲང་བརྟག་ཞིབ་ནང་ཞུགས་ཡོད།