国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月26日

མཛོ་སྒང་རྫོང་གིས་བོགས་གཏོང་ཚོང་ཁང་ལ་གུན་གསབ་སྤྲོད་པའི་རྒྱན་འཕེན་བྱེད་སྒོ་བདེ་བླག་ངང་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ཀྱི་ཤུལ་ལུས་གནད་དོན་ལས་སྡོད་ཁང་བཤིག་སྤོ་བྱེད་མཁན་དུད་ཚང་གི་བོགས་གཏོང་ཚོང་ཁང་ལ་གུན་གསབ་གནད་དོན་ཐག་གཅོད་འོས་འཚམ་བྱ་ཆེད། ཉེ་ཆར། མཛོ་སྒང་རྫོང་གིས་ཝ་མདའ་རྐང་ཐང་ཁྲོམ་གཞུང་གི་བོགས་གཏོང་ཚོང་ཁང་ལ་གུན་གསབ་སྤྲོད་པའི་རྒྱན་འཕེན་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་ལ་གོ་རིམ་ལྡན་པ་ཞིག་ཡོད། རྒྱན་འཕེན་ལས་དོན་དེ་དྲང་གཞག་དང་། དྲང་བདེན། ཡོངས་བསྒྲགས་བཅས་ཡོང་བའི་འགན་ལེན་བྱ་ཆེད། རྫོང་ཁྲིམས་འཛིན་ཅུད་དང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་ལྟ་སྐུལ་བྱས་པ་རེད།

ད་ཐེངས་ཀྱི་རྒྱན་འཕེན་དེ་རེས་སྐོར་གཉིས་སུ་དབྱེ་ནས་སྤེལ་བ་རེད། རེས་སྐོར་དང་པོར། སྡོད་ཁང་བཤིག་སྤོ་བྱེད་མཁན་དུད་ཚང་གི་འཐུས་མི་ཚོས་སྲོལ་རྒྱུན་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱན་འཕངས་ཏེ་རྒྱན་ལེན་པའི་གོ་རིམ་གཏན་འཁེལ་བྱས་པ་དང་། རེས་སྐོར་གཉིས་པར། སྡོད་ཁང་བཤིག་སྤོ་བྱེད་མཁན་དུད་ཚང་རེ་རེས་རྒྱན་འཕེན་པའི་གོ་རིམ་ལྟར། ཕིང་ཕང་སྤོ་ལོ་ལེན་པའི་ཐབས་ལམ་བརྒྱུད་ནས། རང་རང་སོ་སོའི་ཚོང་ཁང་གི་ཨང་རྟགས་གཏན་འཁེལ་བྱས་པ་རེད། རྒྱན་འཕེན་བྱེད་སྒོ་བདེ་བླག་ངང་མཇུག་རྫོགས་པ་དང་བསྟུན་ནས། སྡོད་ཁང་བཤིག་སྤོ་བྱེད་མཁན་མང་ཚོགས་ཀྱི་བོག་གཏོང་ཚོང་ཁང་གི་གུན་གསབ་གནད་དོན་ལ་ཐག་གཅོད་འོས་འཚམ་ཐོབ་པ་རེད། ཁོ་ཚོའི་དགའ་བ་དང་བརྩེ་བ་ནི་སྐད་ཆ་ལས་མངོན་ཡོད། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུ་ཆེད་སྡོད་ཁང་བཤིག་སྤོ་བྱེད་མཁན་མང་ཚོགས་ཀྱིས་རང་འགུལ་ངང་ལས་དོན་མི་སྣར་ཁ་བཏགས་ཕུལ་བ་མ་ཟད་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་རེད།

མཛོ་སྒང་རྫོང་མང་ཆུང་གྲོང་ཚོའི་གྲོང་མི་ཚེ་རིང་ཐར་ཆེན་གྱིས། ད་རེས་མཛོ་སྒང་རྫོང་གི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་གྲུབ་འབྲས་ཐོབ་པའི་ངང་ཐག་གཅོད་བྱས་པ་དེའི་ཐོག་ནས་དམངས་ལ་ཞབས་འདེགས་ཞུ་བའི་ཐད་ཀྱི་སྲིད་གཞུང་གི་ཆོད་སེམས་དང་ནུས་པ་མངོན་ཡོད་པ་རེད།མཛོ་སྒང་རྫོང་གིས་མུ་མཐུད་འབད་བརྩོན་བྱས་ནས་མང་ཚོགས་རྣམས་ལ་གཞུང་དྲང་དང་དྲོ་སྐྱིད་ལྡན་པའི་ཐོབ་ཐང་ལོངས་སྤྱོད་ཐུབ་རྒྱུའི་འགན་ལེན་བྱས་ཏེ་ཞི་མཐུན་ལྡན་པའི་སྤྱི་ཚོགས་མཉམ་དུ་བསྐྲུན་རྒྱུ་རེད་འདུག