国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月26日

བྲག་གཡབ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུད་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོའི་སྦྱོང་བརྡར་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་1ཚེས་22ཉིན་གྱི་སྔ་དྲོ།བྲག་གཡབ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུད་ཀྱིས་རྫོང་ཡོངས་ཀྱི་ཚན་པ་ཁག་གི་སྤྱི་གསོག་མ་དངུལ་གཉེར་མཁན་སྒྲིག་འཛུགས་བྱས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོའི་སྦྱོང་བརྡར་བྱས་པ་རེད།སྦྱོང་བརྡར་ཐོག་ལས་དོན་མི་སྣས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་དངུལ་བུན་ལེན་པའི་སྲིད་ཇུས་གསར་ཤོས་དྲིལ་བསྒྲགས་བྱས་པ་རེད། དེ་རྗེས་སྡོད་ཁང་གི་སྤྱི་གསོག་མ་དངུལ་ཐམ་མནན་ཉར་ཚགས་དང་།སྒྱུར་སྤྲོད།ཐོ་ཁུངས་འཛུགས་པ།གསབ་འཇལ་བྱེད་པ།རྒྱུན་གཏན་འཇལ་བ་སོགས་ཀྱི་ལས་སྒོ་གཉེར་བའི་གོ་རིམ་དང་དུས་མཚམས་ཐད་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།ད་ཐེངས་ཀྱི་སྦྱོང་བརྡར་ལས་བྲག་གཡབ་རྫོང་གི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོ་འཁོར་རྒྱུག་ཡག་པོ་ཡོང་རྒྱུར་རྨང་གཞི་ཡག་པོ་བཏིང་ཡོད།