国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月26日

གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་མཉམ་འབྲེལ་ཐོག་

“སྤྱོད་གཙང་གིས་བག་ཆགས་བཟང་པོ་བོད་ཤར་ཡུལ་ལུང་རྒྱན། ཁྱིམ་སྲོལ་གྱིས་སྤྱོད་གཙང་ལ་སྐུལ་སློང་བྱེད་”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཁྱིམ་སྲོལ་བཟང་ན་དམངས་སྲོལ་བབག་ཆགས་པ་དང་།དམངས་སྲོལ་ཚུལ་ལྡན་ཡིན་ན་རྒྱལ་ཁམས་བདེ་ལ་འཁོད་པ། ཁྱིམ་ཚང་དང་།ཁྱིམ་ཚང་སློབ་གསོ།ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་ཆེད།ཟླ་1ཚེས་24ཉིན་གྱི་སྔ་དྲོ།གྲོང་ཨུད་ཏང་གི་སློབ་གྲྭར“སྤྱོད་གཙང་གིས་བག་ཆགས་བཟང་པོ་བོད་ཤར་ཡུལ་ལུང་བརྒྱན། ཁྱིམ་སྲོལ་གྱིས་སྤྱོད་གཙང་ལ་སྐུལ་སློང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ།བྱེད་སྒོའི་ནང་མི་130ལྷག་ཙམ་ཞུགས་ཡོད་པ་རེད། བྱེད་སྒོའི་ནང་། སྲིད་གཙང་གི་སྐོར་འཆད་ཁྲིད་གནང་བ་དང་ཁྱིམ་ཚང་གིས་སྤྱོད་གཙང་རོགས་སྐྱོར་གྱི་ཁས་ལེན་ཡི་གེར་མིང་རྟགས་བཀོད་ཡོད། དེ་བཞིན《ཁྱིམ་ཚང་དང་།ཁྱིམ་ཚང་སློབ་གསོ།ཁྱིམ་སྲོལ་བཅས་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་ཕྱོགས་བསྒྲིགས》ཀྱི་དཔེ་དེབ་སྤྲད་པ་དང་སྲིད་གཙང་སློབ་གསོའི་རྟེན་གཞི་ལ་ལྟ་སྐོར་བྱེད་པ་སོགས་བྱེད་ཐབས་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་ལ་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་སྤེལ་བ་བརྒྱུད།སྤྱོད་གཙང་གི་ཆབ་མདོ་འཛུགས་སྐྱོང་ཇེ་ཟབ་ཏུ་ཕྱིན་ཏེ།སྤྱི་ཚོགས་ཡོངས་སུ་ཁྱིམ་ཚང་ཀུན་གྱིས་ཉེས་འགོག་ལེགས་སྤེལ་དང་མི་ཀུན་གྱིས་སྤྱོད་པ་གཙང་མར་གནས་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་རེད།སྤྱི་ཚོགས་ཡོངས་སུ་ཁྱིམ་ཚང་ཀུན་ལ་“རུལ་རྒོལ་འཛིང་རགས”བསྐྲུན་པ་བྱེད་པ་དང་མི་ཚང་མས“ཁྲིམས་སྲུང་དྲ་བ”མཉམ་སྐྲུན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་བྱེད་སྒོ་དེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་མཉམ་འབྲེལ་ཐོག་སྤེལ་ཞིང་།བྱེད་སྒོ་འདི་ནི་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ཀྱི་ནང་མི་དང་གཙོ་གནད་ལས་གནས་ཐོག་གི་ཏང་ཡོན་ལས་བྱེད་པ་གཙོ་བོར་བྱས་ཏེ་ཁྱིམ་ཚང་གིས་རུལ་རྒོལ་གཙང་སྤེལ་བྱེད་པའི་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུ་གཙོ་གནད་དུ་བཟུང་ནས་བྱེད་སྒོར་ཞུགས་མཁན་ཚོས་སྤྱོད་གཙང་གི་ཁྱིམ་སྲོལ་འཛུགས་སྐྱོང་ཁྲོད་མིག་དཔེའི་ནུས་པ་འདོན་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱོད་གཙང་གི་ཆབ་མདོ་འཛུགས་སྐྱོང་ཆེད་དུ་ཁྱིམ་ཚང་གི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།

གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སུན་ཆིན་ཆོན་གྱིས་2022ལོའི་ཟླ་1ཚེས་1ཉིན《ཁྱིམ་ཚང་སློབ་གསོར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་།ཁྱིམ་ཚང་སློབ་གསོ་དེ་གཅིག་གྱུར་གྱི་ཁྱིམ་ཚང་ཞིག་ནས་འགོ་བརྩམས་ཏེ་དུས་རབས་གསར་པའི་རྒྱལ་དོན་ཞིག་ཏུ་གྱུར་ཡོད། ད་ཐེངས་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ནང་མི་དང་གཙོ་གནད་ལས་གནས་ཐོག་ཡོད་པའི་ཏང་ཡོན་ལས་བྱེད་་པ་སྒྲིག་འཛུགས་བྱས་ནས།ཁྱིམ་སྲོལ་གྱིས་སྤྱོད་གཙང་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ་ཏེ། ཚང་མས་ཁྱིམ་སྲོལ་དང་ཁྱིམ་ཚང་གི་བསླབ་བྱ། སྤྱོད་གཙང་རིག་གནས་བཅས་ཀྱི་བསམ་བློར་ཞུན་བདར་དང་ལེན་བྱེད་དུ་བཅུག་པ་དང་།ཁྱིམ་ཚང་གི་རུལ་རྒོལ་འཛིང་རགས་ནན་དུ་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་སྤྱོད་གཙང་ཆབ་མདོ་འཛུགས་སྐྱོང་བྱ་རྒྱུ་དེ་མུ་མཐུད་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བཤད།