国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月26日

བདེ་འཇགས་འགན་ལེན་དང་དགུན་དུས་ཀྱི་སྐོར་གཡེང་བྱས་པ།

པར་ནི་སྨར་ཁམས་སྤྱི་བདེ་མི་སྣས་ལམ་ངོས་ཀྱི་འཁྱགས་པ་གཙང་འཕྱགས་བྱེད་བཞིན་པ།

ཉེ་ཆར་གངས་བབས་པའི་རྐྱེན་གྱིས་སྨར་ཁམས་རྫོང་གི་ཁོངས་གཏོགས་ཁུལ་གྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དང་དེ་བཞིན་གྲོང་ཁུལ་གྱི་ལམ་དུམ་ཁག་གཅིག་ལ་གངས་འཁྱགས་ཐེབས་པ་དང་འགྲོ་ལམ་བརླན་བཤེར་ཆེ་བའི་སྣང་ཚུལ་ཐོན་ཡོད།གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་ཐོན་རྒྱུ་སྔོན་འགོག་དང་བཀག་འགོག་ནུས་ལྡན་དང་མང་ཚོགས་ཕྱིར་སྐྱོད་བདེ་འཇགས་འགན་ལེན་བྱ་ཆེད།སྨར་ཁམས་རྫོང་སྤྱི་བདེ་ཅུས་ཀྱིས་གནམ་གཤིས་ཞན་པའི་དུས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་འཕྲལ་སྡོམ་སྔོན་ཇུས་མགྱོགས་མྱུར་ལག་ལེན་བསྟར་ནས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། གཞུང་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།