འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།ཆབ་མདོ་གྲོང་ཁྱེར་གྱི“འགན་འཁྲི་གཉིས”ཀྱི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གིས་སྤྱི་འདོམས་ལ་དམ་འཛིན་དང་།བྱ་ཐབས་འདོན་པ།བྱ་ཐབས་དངོས་འདོན་པ་བཅས་བྱས་ཏེ་འགྲུལ་བཞུད་མང་བ་དང་གཙོ་ནུས་ཅུང་གཅིག་སྡུད་ཡིན་པའི་ཞིང་ཞོར་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་ཆེ་གྲས། གྲོང་ལྷན་དུ་བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”ཀྱི་ལམ་སྲོལ་ལས་ཀའི་ཞབས་ཞུའི་ས་ཚིགས(ཚོད་ལྟ)འཚོལ་ཞིབ་བྱས་ནས་བཙུགས་པ། ཞབས་ཞུའི་ས་ཚིགས་ཀྱི་སྦྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།སྲིད་གཞུང་དང་ཁེ་ལས་དབར་དང་འགན་བཅོལ་ལས་བྱེད།ཁེ་ལས།ཁེ་ལས་དང་ཁེ་ལས་དབར་གྱི་སྤེལ་རེས་ལས་སྟེགས་སྐྲུན་པ་བཅས་བྱས་ཏེ“འགན་འཁྲི་གཉིས”ཀྱི་ལས་ཀའི་ལམ་སྲོལ་ཕན་ཚུན་འབྲེལ་མཐུད་བྱེད་པ་དང་།འཁོར་སྐྱོད།ཕན་འབྲས་ཐོན་པ་བཅས་བྱས་པ་རེད།
གཡུལ་ས་ཞིག་བསྐྲུན་ནས། ཚོགས་ཁང་དང་ཏང་འཛུགས་སྐྱོང་བྱེད་སྒོ་ཁང་སོགས་ཇུས་འགོད་ཞིབ་ཚགས་དང་བེད་སྤྱོད་གང་ལེགས་བྱས་ནས“བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་ལམ་སྲོལ་གཉིས་ཀྱི་ཞབས་ཞུའི་ས་ཚིགས”ལ་སྒོ་བྱང་སྣོན་འགེལ་བྱས་པ། ཞབས་ཞུའི་མི་སྣ་ནི་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར(ཆུས)རིམ་པ་གཉིས་ཀྱི“འགན་འཁྲི་གཉིས”ཀྱི་ལས་དོན་གྱི་ཆེད་སྒྲུབ་ཚོགས་ཆུང་དང་། ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པ།བཟའ་བཅའི་བདེ་འཇགས་དོ་དམ་པ།བཟའ་བཅའི་བདེ་འཇགས་ཆ་འཕྲིན་པ།བཟའ་བཅའི་བདེ་འཇགས་ཀྱི་ཆེད་བསྐོས་སྲུང་སྐྱོབ་པ་དང་དང་བླངས་པ་སོགས་ཀྱིས་གཅིག་ལྕོགས་བྱས་ཡོད་པ་རེད།
ལམ་ལུགས་ཚད་ལྡན་ཅན་གྱང་ཐོག་སྦྱར་དགོས།ཞབས་ཞུའི་ས་ཚིགས་ཀྱི་འགན་འཁྲི་གསལ་པོ་དང་།གསོ་སྦྱོང་ལམ་ལུགས།འགན་འཁྲི་གཉིས་ཀྱི་ལས་ཀའི་ཕྱོགས་སྟོན་རི་མོ།བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་པོའི་འགན་འཁྲིའི་ལམ་རིས།བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་སྐུལ་པའི་འགན་འཁྲི།བཟའ་བཅའ་བདེ་འཇགས་པའི་འགན་འཁྲི་སོགས་ལམ་ལུགས་ཁག་6དོན་འཁྱོལ་བྱས་ཏེ་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་མི་སྣ་དང་།སྤྱི་ཁྱབ་ལྟ་ཞིབ་པ།བཟའ་བཅའ་བདེ་འཇགས་པ།འགན་གཙང་འགན་ལེན་ལས་བྱེད་པ་སོགས་ཀྱིས“འགན་འཁྲི་གཉིས”ཀྱི་ལས་ཀའི་བརྒྱུད་རིམ་དང་བླང་བྱ་ཞིབ་ཕྲ་སོགས་ཐད་ཀར་ཤེས་རྟོགས་དང་དོན་འཁྱོལ་ཐུབ་པ་བྱེད་དགོས།ཞབས་ཞུའི་ས་ཚིགས་ཀྱི་གྱང་ངོས་སུ“ཁུར་པོ་ལྕི་པོ་ཚང་མས་འདེམས་པ་དང་མི་ཚང་མའི་ཕྲག་ཐོག་ཏུ་དམིགས་ཚད་ཡོད་པ”སོགས་ཀྱི་དྲིལ་བསྒྲགས་སྦྱར་ཡིག་སྦྱར་ནས་བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”ཀྱི་ལས་ཀའི་རྣམ་པ་ཟབ་མོ་ཞིག་ཧུར་ཐག་གཏོད་དགོས།
ཞབས་ཞུ་བྱེད་སྟངས་ལེགས་སུ་གཏོང་རྒྱུ།ལས་དོན་སྤེལ་རེས་ལས་སྟེགས་བཙུགས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི“འགན་འཁྲི་གཉིས”ཀྱི་དཔེ་མཚོན་ཉམས་མྱོང་དང་བྱ་ཐབས་གསར་ཤོས་དང་དེ་བཞིན་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་པ།བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དང་བཟའ་བཅའ་བདེ་འཇགས་སྲུང་སྐྱོང་པས་བཟའ་བཅའི་བདེ་འཇགས་ཀྱི་དོ་དམ་གནས་ཚུལ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ་ཆབ་མདོ་གྲོང་ཁྱེར་དུ་གནས་པའི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ།དུས་བཅད་ལྟར་འགན་གཙང་འགན་ལེན་ནང་ཞུགས་མཁན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རེས་སྐོར་གསོ་སྦྱོང་བྱས་ཏེ། འགན་གཙང་འགན་ལེན་ལས་བྱེད་པའི་བཟའ་བཅའི་བདེ་འཇགས་ཀྱི་ལས་སྒོའི་ནུས་པ་དང་ཆུ་ཚད།ལྟ་སྐུལ་མཛུབ་ཁྲིད་གནད་དོན་ཤེས་རྟོགས་ཐུབ་ཚད་བཅས་མཐོ་རུ་བཏང་ནས་རྒྱུན་སྣང་ཅན་གྱི་སློབ་སྦྱོང་སྤེལ་རེས་ལམ་སྲོལ་བཙུགས་དགོས།
གོམ་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་གྱི་བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”ཀྱི་ལས་ཀའི་ལམ་སྲོལ་ཞབས་ཞུའི་ས་ཚིགས་ཀྱིས“ཕྱིར་བསྐྱོད་དེ་”ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་“ནང་དུ་གདན་དྲངས་ནས་”གཅིག་སྡུད་གསོ་སྦྱོང་དང་ཉམས་མྱོང་མཉམ་སྤྱོད་སོགས་ཀྱི་བྱེད་ཐབས་སྤྱད་དེ་བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”སྔར་བས་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ།འདྲ་བཟོ་ཆོག་པ་དང་། ཁྱབ་གདལ་གཏོང་ཆོག་པ། དཔྱད་གཞིར་འཛིན་ཆོག་པ་བཅས་ཀྱི་སྔོན་ཐོན་ཉམས་མྱོང་ཆ་ཚང་ཞིག་ཧུར་ཐག་བཏོད་དེ་ཆབ་མདོ་གྲོང་ཁྱེར་གྱི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་དང་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུ་རེད།

