国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月26日

ཆབ་མདོ་གྲོང་ཁྱེར་གྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་ཚོགས་འདུ་དང་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ལའོ་ཆིང་འུའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་22ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱི་ཡིག་འབུལ་ཞུ་བཅར་ལས་དོན་མཉམ་འབྲེལ་ཚོགས་འདུའི་2024ལོའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་དང་ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཉེ་དུས་ཀྱིས་ཡིག་འབུལ་ངོ་བཅར་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། དེ་དང་ཆབས་གཅིག་2023ལོའི་གྲོང་ཁྱེར་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྙན་སེང་གསན་ནས། འདི་ལོའི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། གྲོང་ཨུད་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིང་འུའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། 2013ལོའི་གྲོང་ཁྱེར་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ཁོངས་གཏོགས་དང་རིམ་ཁག་མཉམ་འབྲེལ་ཚོགས་འདུའི་ཁོངས་གཏོགས་ཚན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་གལ་ཆེའི་བསམ་བློར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་པ་དང་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས། འགོ་ཁྲིད་ལས་བྱེད་པས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་གཤམ་ལ་བཅར་འདྲིར་འགྲོ་བ། ཡིག་འབུལ་ཞུ་་བཅར་གྱི་ལས་སྒོ་སྤེལ་བ།བསྐྱར་ཟློས་དང་གྱོད་སྙིང་ཐག་གཅོད་བྱས་པ།ཡིག་འབུལ་ཞུ་བཅར་གྱི་ཞབས་ཞུར་འགན་ལེན་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་གྱི་དུས་བབ་སྤྱི་ཡོངས་ནས་བརྟན་པོ་ཡིན་པ་རེད།

ཚོགས་འདུའི་ཐོག་རྫོང་(ཆུས་)ཁག་དང་སྡེ་ཚན་ཁག་གིས་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུ་མཐའ་འཁྱོངས་བྱས་ཏེ།ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོས་དམངས་ལ་བྱ་བ་དངོས་སྒྲུབ་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩི་དགོས།མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་དང་ཆེས་ཐད་ཀ་དང་ཆེས་དངོས་ཡོད་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་དམངས་འཚོའི་བདེ་སྐྱིད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།བདེ་སྣང་བཅས་ཆེ་རུ་གཏོང་དགོས།ཡིག་འབུལ་ཞུ་བཅར་ལས་དོན་གྱི་དོགས་ཟོན་དང་བདག་སྤྲོད།སྒྲུབ་གཉེརལྟ་སྐུལ།འགན་འཁྲི་བདའ་འདེད།སྒྲིག་ལམ་སྲུང་སྐྱོང་བཅས“ཁྲིམས་སྐྱོང་ཅན་ལྔ”ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། ཁྲིམས་ལྟར་སྲིད་འཛིན་ཆུ་ཚད་དང་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། “འགྱངས་ཆད་གཉིས”ཀྱི་གནད་དོན་འབྱུང་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། ཞིང་པ་ལས་མིའི་གླ་ཆ་དུས་ཐོག་ཏུ་སྤྲོད་པ་དང་། ཁོ་ཚོས་དཀའ་ལས་བརྒྱབ་པའི་དངུལ་བླངས་ཐུབ་པར་འགན་སྲུང་བཅས་བྱེད་དགོས།གཞི་རིམ་མང་ཚོགས་ལས་ཀའི་དྲ་བ་དང་སྡེ་ཁུལ་དྲ་མིག་ཅན་གྱི་དོ་དམ་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།འགལ་བ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། རྩིས་ཁྲ་བཟོ་བ།རིགས་འབྱེད་ཇུས་བསྟར།ཉེན་ཁ་དཔྱད་གཅོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དུས་ཐོག་ཐག་གཅོད་བྱ་དགོས།དེ་སྔོན་ལུས་པའི་གནད་དོན་མཐའ་དག་ཕྱོགས་བསྡུས་ཀྱིས་ཐག་གཅོད་ཏན་ཏིག་བྱེད་པ་དང་།ལོ་མང་ཐག་གཅོད་མ་ཐུབ་པའི་གྱོད་གཞི་དང་དཀའ་གནད་ཆེ་བའི་གྱོད་གཞིར་དམ་པོར་དམིགས་ཏེ།དོན་དག་ཐག་གཅོད་བྱ་དགོས་པའི་རྩ་དོན་རྒྱུན་འཁྱོངས་དང་བཅའ་ཁྲིམས།སྲིད་ཇུས།དཔལ་འབྱོར་བཅས་ཀྱི་བྱེད་ཐབས་དང་སློབ་གསོ།འདུམ་འགྲིག ལམ་སྟོན་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱད་དེ་མང་ཚོགས་ཀྱི་ཚུལ་མཐུན་རེ་ཞུ་ཐག་གཅོད་ལེགས་པོ་བྱ་དགོས།

གྲོང་ཁྱེར་དང་རྫོང་།ཤང་བཅས་རིམ་པ་གསུམ་གྱི་འགོ་ཁྲིད་ལས་བྱེད་པས་རིམ་པ་དབྱེ་ནས་གྱོད་གཞི་སྒྲུབ་འགན་གཙང་ལེན་དང་།དབྱེ་ཞིབ་དང་ཞིབ་གཅོད། ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ།བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ།ཁྱོན་ཡོངས་ནས་གླེང་ཕྱོགས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་མ་ཟད་དུས་ཐོག་ཏུ་ཐག་གཅོད་པ།ཞུ་གཏུག་དང་ལེན་དང་།དུས་ཐོག་ཏུ་ཐག་གཅོད།རྩིས་སྤྲོད་ལས་དོན་འཕྱུགས་པ་མེད་པ།སྒྲུབ་རིམ་ཧྲིལ་པོར་རྗེས་སྙེག་ལྟ་སྐུལ་བཅས་བྱས་ཏེ།ཐེངས་གཅིག་གིས་དཀའ་གནད་སེལ་ཐུབ་པ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་ཡོད།