ལས་ལ་བརྩོན་ན་དཔྱིད་ཀ་འཆར་བ་སྔ།འབད་འབུངས་ཡར་བརྩོན་བྱེད་པའི་དུས་ལ་སླེབས།དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་བཀྲ་ཤིས་པའི་རྣམ་པའི་ཁྲོད།ཆབ་མདོ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པས་གཙང་གསུམ་གྱི་ས་གཞི་གང་སར་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོ།མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་བསྐྱོད་དེ“རྐང་ཤུགས།མིག་ཤུགས།ཀླད་ཤུགས།འབྲི་ཤུགས”བཅས་ལག་བསྟར་ཧུར་ཐག་བྱས་ནས་གསོན་ཉམས་དོད་ཤོས་ཀྱི་དཔྱད་གཞི་བསྡུ་ལེན་དང་ཆེས་ཟོལ་མེད་ཀྱི་གཏམ་རྒྱུད་དང་ཆེས་མཛེས་སྡུག་ལྡན་པའི་བརྩེ་དུང་སྔོག་འདོན་བྱས་ནས།དོན་དངོས་དང་།འཚོ་བ།མང་ཚོགས་བཅས་དང་ཉེ་བཅར་བྱེད་པ་བཅས་ཀྱི་གནས་ཚུལ་སྔར་བས་མང་བ་གསར་རྩོམ་བཅས་བྱས་ཏེ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ཆབ་མདོའི་རྫོང(ཆུས)ཁག་དང་སྡེ་ཚན་ཁག་གིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས“མདུན་གྲལ་དུ་སྐྱོད་ཐུབ་པ་བཞི”བཅས་ལ་ཐོབ་པའི་དགེ་མཚན་ལྡན་པའི་ཕན་འབྲས་མངོན་པར་བྱས་ནས།རང་གྲོང་ཁྱེར་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་དགའ་སྤྲོའི་ངང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགའ་གཏོང་བྱེད་པའི་རྣམ་པ་མངོན་པ་དང་།མཛེས་སྡུག་ལྡན་པ་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་དཔའ་ངར་ཆེར་བསྐྱེད་དང་།སེམས་ཤུགས་གཅིག་སྒྲིལ་གྱིས་བཀྲ་ཤིས་ཁམས་བཟང་དང་ཡར་ངོའི་ཟླ་ལྟར་ཡར་རྒྱས་འགྲོ་བའི་དུས་ཆེན་གྱི་རྣམ་པ་ཞིག་མངོན་པར་བྱ་རྒྱུ་ཡིན་པས།དེ་རིང་ནས་བཟུང་འདི་ག་ཚགས་པར་དུ《དཔྱིད་གསར་དུས་སུ་གཞི་རིམ་དུ་བསྐྱོད་པའི་》ཆེད་སྒྲིག་ལེ་ཚན་གཏོད་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།

