འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་16ཉིན་གྱི་ཕྱི་དྲོ། ཧ་ནུས་ཟླ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ཚད་ཡོད་ཀུང་སི་དང་ཆབ་མདོའི་ཁམས་གློག་གི་ནུས་རྒྱུ་གཙང་མའི་མ་འཇོག་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སི་དང་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པ་རེད། འདི་ནི་ཆབ་མདོས་ཏ་ཐང་ནུས་རྒྱུ་གཙང་མའི་རྟེན་གཞིའི་ཐོན་ལས་གླིང་མཉམ་ལས་མཉམ་སྐྲུན་དང་ཁེ་ལས་ཐོག་མར་ཐོན་ལས་གླིང་ནང་ཞུགས་རྗེས། ཆབ་མདོའི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད་སླར་ཡང་གོམ་པ་གལ་ཆེན་ཞིག་སྤོས་པ་དང་། ཆབ་མདོའི་ནུས་རྒྱུ་གཙང་མ་མཉམ་ལས་གསར་སྤེལ་བྱ་རྒྱུ་དེ་དུས་མཚམས་གསར་པར་སླེབས་པ་མཚོན་པ་དང་ཆབ་མདོས་བོད་ཤར་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་མགྱོགས་མྱུར་བསྐྲུན་རྒྱུ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུར་སྒུལ་ཤུགས་གསར་པ་བསྣན་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག ཧ་ནུས་ཟླ་ཆུའི་སྟོད་རྒྱུད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཅིང་ལི་ལི་ཅན་ཕིང་གིས་ནུས་རྒྱུ་གཙང་མའི་རྟེན་གཞི་གསར་སྤེལ་འཛུགས་སྐྲུན་བྱས་ཚུལ་ངོ་སྤྲོད་བྱས་པ་དང་། ཧ་ནུས་ཟླ་ཆུའི་སྟོད་རྒྱུད་ཀུང་སི་དང་ཁམས་གློག་ནུས་རྒྱུ་གཙང་མའི་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་མ་འཇོག་གྲོས་མཐུན་བཞག་པ་རེད།
ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ཀྱི་ཚབ་ཞུས་ནས། ཧ་ནུས་ཟླ་ཆུའི་སྟོད་རྒྱུད་དང་ཁམས་གློག་ནུས་རྒྱུ་གཙང་མའི་ཀུང་སི་དང་གྲུབ་འབྲས་ཐོབ་པའི་ངང་གན་རྒྱ་བཞག་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་ཆབ་མདོར་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ནུས་རྒྱུ་གཙང་མའི་ལག་རྩལ་གསར་སྤེལ་ཐུབ་ཚད་སྟོང་ཝ་དུང་ཕྱུར་4.36ཟིན་པ། གཙོ་གནད་གསར་སྤེལ་ཐུབ་པའི་རྣམ་གྲངས་ཀྱི་སྤྱིའི་གཞི་ཁྱོན་སྟོང་ཝ་དུང་ཕྱུར་1.25ཟིན་པ། ལོ་རེར་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར་2650ཙམ་ཟིན་ཡོད། འབྲི་ཆུའི་འགག་གསུམ་གློག་ཁང་3གྱིས་ལོ་རེར་གློག་གཏོང་ཚད་དང་མཚུངས་པ། རྒྱལ་ཁབ་རིམ་པའི་ཆུའི་མཛེས་ལྗོངས་དཔེ་སྟོན་རྟེན་གཞི་ཆེ་གྲས་དང་བོད་ཤར་གྱི་རྒྱལ་ཁབ་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་རེ་ཡོད་པ་བཅས་རེད། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལེགས་ཆ་ལྡན་པ་དང་དུས་མཚུངས། ཆབ་མདོས་ཀྱང་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་དང་བསྟུན་ནས། རྒྱལ་ཁབ་ངོས་ནས་རྒྱལ་ཁབ་ནུས་རྒྱུ་ཅུད་ཀྱིས་བཏོན་པའི《བོད་ལྗོངས་ནུས་རྒྱུ་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ནང“ནུས་མང་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས”ཞེས་ཁ་གསལ་བཏོན་ཡོད། ལྗོངས་ཡོངས་ཀྱི་ངོས་ནས་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང“ཡར་ཀླུང་གཙང་པོ་དང་།འབྲི་ཆུ། ཟླ་ཆུ་སོགས་འབབ་རྒྱུད་ཀྱི་ཆུའི་མཛེས་ལྗོངས་ཕྱོགས་བསྡུས་གསར་སྤེལ་ལ་སྐུལ་འདེད་བཏང་ནས་བོད་གློག་ཕྱིར་གཏོང་གི་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ།རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྒྱུན་མཐུད་རྟེན་གཞི་གལ་ཆེན་བསྐྲུན་དགོས”ཞེས་བཏོན་ཡོད།གྲོང་ཁྱེར་གྱི་ངོས་ནས་བརྗོད་ན།གྲོང་ཁྱེར་གྱི་ངོས་ནས་ཆབ་མདོས་བོད་ཤར་གྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་བསྐྲུན་རྒྱུ་དེ་གྲོང་ཨུད་ཀྱི“22445”ཡི་སྤྱིའི་ལས་ཀའི་བསམ་ཕྱོགས་ཁྲོད་ཀྱི“ངེས་གནས་ཆེན་པོ་གཉིས”ཀྱི་གྲས་སུ་བརྩིས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཀ་རྟེན་ཐོན་ལས་ཨང་དང་པོར་བརྩིས་ཏེ་ཇུས་འགོད་དང་སྐུལ་འདེད་བཏང་བ་རེད།
མིག་སྔར།ནུས་རྒྱུ་གཙང་མ་འཕེལ་རྒྱས་སོགས་ཀྱི་ཆེད་དོན་འཆར་འགོད་བཟོས་ཟིན་པ་དང་།ཀྲུང་གོའི་ཏ་ཐང་དང་ཀྲུང་གོ་ཀྲུང་ཁྲེ་སོགས་ཀྲུང་དབྱང་ཁེ་ལས་ཆབ་མདོའི་ཏ་ཐང་ནུས་རྒྱུ་གཙང་མའི་རྟེན་གཞིའི་ཐོན་ལས་གླིང་དུ་བཅའ་སྡོད་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ཡོད་ཅེས་གསུངས་པ་རེད།
ཀུང་ཧུའེ་ཚའེ་ཡིས་ཧ་ནུས་ཟླ་ཆུའི་སྟོད་རྒྱུད་ཀུང་སིས་ནུས་རྒྱུའི་ཀྲུང་དབྱང་ཁེ་ལས་ཡིན་པའི་ངོས་ནས་གནད་སྨིན་འབྲེལ་མཐུད་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་པ་དང་རང་སྐྱོང་ལྗོངས་འཕེལ་རྒྱས་ཀྱི་འཐབ་ཇུས་ཡུན་རིང་མཐའ་འཁྱོངས་བྱས་ནས།ཆབ་མདོའི་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་དཔེ་སྟོན་རྟེན་གཞི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ནུས་རྒྱུ་གཙང་མའི་གསར་སྤེལ་ནང་ཧུར་ཐག་ཞུགས་ཏེ།ས་གནས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ས་གནས་དེ་རང་གི་མང་ཚོགས་ལ་འབབ་འཕར་ཡོང་བར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་པ་དེ་ཐོག་ནས་ཧ་ནུས་ཟླ་ཆུའི་སྟོད་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་འཐབ་ཇུས་ཀྱི་མིག་རྒྱང་དང་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་གང་ལེགས་མངོན་ཡོད་ཅེས་བསྟན་ཡོད།
ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་གྱིས་ཧུར་ཐག་དང་།སྒོ་དབྱེ།མཉམ་ལས་བཅས་ཀྱི་རྣམ་འགྱུར་ཐོག་ནས“ཁོར་ཡུག་བཅོས་སྒྲིག་ལོ”དང“ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་ལོ”གོ་སྐབས་སུ་བྱས་ཏེ།ཧ་ནུས་ཟླ་ཆུའི་སྟོད་རྒྱུད་ཀྱི་ཆབ་མདོར་འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་དང་།འབྲེལ་ཡོད་འགན་ནུས་སྡེ་ཚན་ཁག་དང་ལྷག་པར་དུ་གྲོང་ཁྱེར་གྱི་འཕེལ་སྒྱུར་དང་། ཆུ་བེདརང་བྱུང་ཐོན་ཁུངས།སྐྱེ་ཁམས་ཁོར་ཡུག་སོགས་སྡེ་ཚན་གྱིས་ཧ་ནེང་ཟླ་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གཞི་གཅིག་ཅན་གྱི་འཆར་འགོད་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་ཏེ།རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་བློ་གཅིག་སེམས་གཅིག་ངང་ཞབས་འདེགས་ཞུས་ནས་ཧ་ནེང་ཟླ་ཆུའི་སྟོད་རྒྱུད་ཀྱི་ཆུ་དང་གློག་གི་གསར་སྤེལ་རྣམ་གྲངས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས་ཞེས་གསུངས་པ་རེད།ཧ་ནེང་ཟླ་ཆུའི་སྟོད་རྒྱུད་ཀྱིས་མ་དངུལ་དང་ལག་རྩལ།ཤེས་ལྡན་མི་སྣ།ཆ་འཕྲིན་སོགས་ཀྱི་ཐོན་ཁུངས་ལེགས་ཆ་གང་ལེགས་སྤྱད་དེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་།ཆུ་གློག་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱེད་པ།ཆབ་མདོ་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ།ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་ཧུར་ཐག་བཅས་བྱས་ནས།ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས།ད་ཐེངས་ཀྱི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་རང་སྐྱོང་ལྗོངས་ཀྱི“ཁ་དན་ཚིག་གནས་ཀྱི་སྲིད་གཞུང་འཛུགས་སྐྱོང་ལོ”དང་ཆབ་མདོ་གྲོང་ཁྱེར་གྱི“ཁོར་ཡུག་བཅོས་སྐྱོང་ལོ”དམ་འཛིན་བྱ་གཞིར་བྱས་ཏེ།གྲོས་མཐུན་གྱི་ཁ་ཆད་ལག་བསྟར་བྱ་རྒྱུར་དམ་འཛིན་ནན་ཏན་བྱས་ནས་སྔར་རྒྱུན་བཞིན་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་།གཙོ་གནད་རྣམ་གྲངས་རྣམས་འགོ་ཁྲིད་ཀྱིས་འགན་གཙང་ལེན་དང་། ཆེད་སྒྲུབ་ཚོགས་ཆུང་གིས་ཞབས་ཞུ།ས་ཡུལ་དངོས་སུ་གཞུང་དོན་སྒྲུབ་པ། གསལ་ཐོ་ཅན་བཀོད་བཏོང“མཉམ་བཤེར་མཆན་འགོད”དང“ལྗང་མདོག་བགྲོད་ལམ་རྩེ་གྲ”སོགས་ཀྱི་ལས་དོན་ལམ་སྲོལ་ལག་ལེན་ནན་པོ་བསྟར་ཏེ།ནུས་རྒྱུ་གཙང་མའི་གསར་སྤེལ་རྣམ་གྲངས་དོན་འཁྱོལ་དང་གཉེར་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ནས་སྤུས་ཚད་མཐོ་པོས་ཁེ་ལས་ཀྱི་ཕན་འབྲས་ཆེར་གཏོང་དང་།ས་གནས་ཀྱི་འབྱོར་ཕྱུག་ཡོང་བ།གཉིས་ཁེ་གཉིས་ཕན་བཅས་ཀྱི་དུས་རབས་གསར་པའི“ཁེ་ལས་དང་ས་གནས་ཀྱི་མཉམ་ལས་མིག་དཔེ”བཏོད་དེ་ཁེ་ལས་ཀྱིས་ཆབ་མདོར་གཞི་ཚུགས་པ་དང་།ཆབ་མདོ་འཛུགས་སྐྲུན་བྱེད་པ། བློ་བདེའི་ངང་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཐད་རྩེར་སོན་གྱི་ཞབས་ཞུ་དང་རྩེར་སོན་གྱི་ཁོར་ཡུག་བཏོད་ཡོད་ཅེས་གསུངས་ཡོད་པ་རེད།
ལི་ཅན་ཕིང་གིས་ཧ་ནུསཟླ་ཆུའི་སྟོད་རྒྱུད་ཀུང་སིས“ཐཱན་གཉིས”དམིགས་ཚད་མཛུབ་ཁྲིད་དུ་བྱས་ནས“གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་ནུས་རྒྱུའི་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ།རང་སྐྱོང་ལྗོངས་ཏང་ཨུད།ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཟླ་ཆུའི་བོད་ལྗོངས་དུམ་བུའི་ཆུ་དང་མཛེས་ལྗོངས་གཞི་གཅིག་ཅན་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གསར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས།ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཡག་པོ་རྩོམ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་ཤེ་དབྱིང་དང་ཧ་ནུས་ཟླ་ཆུ་སྟོད་རྒྱུད་ཀུང་སིའི་ཏང་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་ཅིང་ལི་གཞོན་པ་ལུའུ་ཅུན་པིང་།སྤྱི་ཁྱབ་བཟོ་སྐྲུན་ཆེ་མོ་བ་གཞོན་པ་ཏོན་ཤིང་ལིན།གྲོང་ཁྱེར་གྱི་འགོ་ཁྲིད་ཅ་ཤིན་ཡུས་དང་ལིའུ་ཝུན་ཏེ་བཅས་ཕེབས་ཡོད་པ་རེད།