国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月19日

འགན་འཁྲི་ཏན་ཏིག་འཁུར་ཏེ། སྤྱོད་ཚུལ་བཟང་ཤོས་ལ་བརྟེན་ནས་ལྟེ་བའི་ཡན་ལག་གྲོང་ཁྱེར་གཏོད་པ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

གྲོང་ཨུད་ཀྱིས་ཚད་མཐོ་ས་ནས་ལས་ཇུས་འགོད་པ་དང་། མཐོ་ས་ནས་གནས་ཐིག་གཏན་འཁེལ། ནུས་ཆེའི་བཀོད་སྒྲིག་བཅས་ཀྱི་ཐོག་ནས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་བཏོན་པ་དང་།དུས་དང་བསྟུན་ནས་འགན་འཁྲི་ལྕི་པོ་འཁུར་ཏེ་དཔའ་ངར་ཆེར་བསྐྱེད་ཀྱིས་འགན་འཁྲི་འཁུར་ཕོད་མིན་ནི་ཏང་ལ་ལྷག་བསམ་རྣམ་དག་བྱེད་ཐུབ་མིན་དང་།འཇོན་ནུས་དང་སྤྱོད་ཚུལ་ལ་ཚོད་བགམ་ཞིབ་བཤེར་བྱེད་པ་བཅས་རེད། ང་ཚོས་རང་རྟོགས་ངང་འཐབ་ཕྱོགས་མདུན་མ་དང་འཐབ་ས་གཙོ་བོ་བཅས་སུ་ལངས་ཏེ། ནུས་ཤུགས་ཡོད་རྒུས་དོན་གཉེར་དང་རང་འགན་གཙང་སྒྲུབ་བྱས་ནས།ལེགས་ཆ་གང་ཡོད་འདོན་པ་བཅས་ཀྱི་སྒོ་ནས་ལས་དོན་བསྒྲུབས་ཏེ་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་ཏན་ཏིག་བྱེད་དགོས།

ལྟེ་གནས་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་ནི་དུས་ཡུན་རིང་པོའི་འཐབ་ཇུས་ཀྱི་ལས་འགན་ཞིག་ཡིན་པ་ལས། དལ་དལ་ལྷོད་ལྷོད་བྱས་པ་དང་རྔ་རྡུང་དར་འཕྱར་བྱས་པ་ཙམ་གྱིས་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན། རིམ་པ་ཁག་དང་སྡེ་ཚན་ཁག རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཕ་བོང་ལྟར་བརྟན་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ།“བྱས་འབྲས་ཐོབ་པར་ངས་མི་རྩོད་པ་དང་།བྱས་རྗེས་འཇོག་པར་ང་ཡིས་འབད་པའི”གནས་ཚད་ལ་བརྟེན་ནས།སྒུག་མི་ཐུབ་པའི་དགོས་གཏུག་ཆེ་བའི་འདུ་ཤེས་ཆེ་རུ་གཏོང་དགོས་ལ། དལ་དྲགས་ན་མི་འགྲིག་པའི་འགན་འཁྲི་འཁུར་སེམས་ཀྱང་རྒྱུན་འཁྱོངས་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཀྱི་ལས་ཀའི་བླང་བྱ་དང་ཆབ་མདོ་འདི་ཉིད་ལྟེ་གནས་ཡན་ལག་གྲོང་ཁྱེར་བསྐྲུན་རྒྱུའི་སྐོར་གྱི་གྲོང་ཨུད་ཀྱི་ལག་བསྟར་བསམ་འཆར་དང་ཞིབ་བསྡུར་ནན་ཏན་བྱས་ཏེ།རང་འགུལ་ངང་ལས་འགན་ངོས་འཛིན་དང་བྱེད་ཐབས་ཞིབ་འཇུག་དོན་འཁྱོལ་བྱས་ཏེ། གཟེར་འདེབས་ཀྱིས་སྙིང་སྟོབས་ཐོག ཇུས་གཞི་རེ་རེ་བཞིན་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་པ་དང་ལྷུ་ཚིགས་རེ་རེ་བཞིན་ལ་སྐུལ་འདེད་ཏན་ཏིག་གཏོང་སྟེ། ལྟེ་བའི་ཡན་ལག་གྲོང་ཁྱེར་གྱི“ཨར་སྐྲུན་དཔེ་རིས”དེ་“དངོས་ལྗོངས་རི་མོར”འགྱུར་བ་བཅས་བྱེད་དགོས།

དམིགས་ཚད་དང་ལས་འགན་གཏན་འཁེལ་བྱས་རྗེས། ལས་བྱེད་པ་ནི་ཐག་གཅོད་བྱེད་པའི་རྒྱུ་རྐྱེན་ཡིན།རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ཏང་འཛུགས་སྐྱོང་སྲ་བརྟན་ལོའི”ལས་ཀའི་བསམ་ཕྱོགས་ལ་དམིགས་ཏེ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས། བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་དང་བསམ་བློའི་སྦྱོང་བརྡར་དང་།ཆབ་སྲིད་གོམས་འདྲིས། ལག་ལེན་དང་ཆེད་ལས་སྦྱོང་བརྡར་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ།དུས་བསྟུན་འཕེལ་རྒྱས་ཀྱིས་འདུ་ཤེས་འགྱུར་ལྡོག་གཏོང་བ། རང་བྱུང་དཔལ་འབྱོར་འཕེལ་རྒྱས་ཀྱི་འདུ་ཤེས་དང་མྱུར་ཚད་ཁོ་ན་ལྟ་བའི་འཕེལ་རྒྱས་ཀྱི་འདུ་ཤེས། ཕྱོགས་བསྡུས་དོ་སྙོམས་ལ་སྣང་ཆུང་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས།རྙིང་ཞེན་བག་འཁུམས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བཅས་མེད་པ་ཧུར་ཐག་བཟོ་བ།ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་རང་རང་གི་ཟུང་འབྲེལ་དང་།ཤུགས་རྒྱག་ས།འགག་གནད་སྒྲོལ་བ་བཅས་བྱས་ཏེ།ས་ཁོངས་ཤིག་གི་འོད་ཟེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་ལེགས་སྐྱེས་འབུལ་དགོས།

ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འགག་རྩ་ནི་དངོས་དོན་སྒྲུབ་པར་བརྩི་མཐོང་དང་དོན་འཁྱོལ་དམ་འཛིན་བྱ་རྒྱུར་ཐུག་ཡོད། གྲོང་ཨུད་ཀྱིས་2024ལོ་དེ“སྤྱོད་ཚུལ་གཏིང་ཟབ་ཏུ་གཏོང་བའི་ལོར”གཏན་འཁེལ་བྱས་ཡོད་པ་དང་།ང་ཚོས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི“ངེས་པར་དུ་བྱེད་དགོས་པ་བརྒྱད”དང“མིག་དཔེ་དྲུག”གི་ལས་ཀའི་བླང་བྱ་ལ་དམིགས་ཏེ་རང་སྐྱོང་ལྗོངས་ཀྱིས་“ལས་མི་འདོད་པ་དང་འགན་འཁྲི་འཁུར་མི་ཕོད་པ། ཡར་རྒྱས་བརྩོན་ལེན་མི་བྱེད་པ།བདེན་པ་བདེན་ཐུབ་མི་བྱེད་པ།བཀུར་ཞིང་སྐྲག་པ་མི་ཤེས་པ”བཅས་ཀྱི་ཐུན་མོང་རང་བཞིན་གྱི་གནད་དོན་ཆེ་གྲས་ལྔ་དང་བསྡུར་ཏེ་གྲོང་ཨུད་དང་མཉམ་དུ་སྒྱིད་ལུག་རྣམ་གཡེང་དང་གཡོལ་ཐབས་བྱེད་པའི་བྱེད་ཐབས་དྲུག་ལ་བཅོས་སྒྲིག་སྤྱོད་ཚུལ་སྔར་བས་འགྱུར་ལྡོག་བཏང་ནས་དོན་འཁྱོལ་དམ་འཛིན།འགན་འཁྲི་ལས་གཡོལ་བའི་བསམ་བློ་དང་།འགྲེལ་བཤད་ཀྱི་བསམ་བློ་དོར་ཏེ།གོ་ལེན་བསམ་བློ་བརྟན་པོ་འཛུགས་པ་དང་ཐག་གཅོད་པའི་བསམ་བློ།བྱ་བ་བསྒྲུབ་པའི་ཆེད་དུ་ཐབས་ཤེས་འཚོལ་དགོས་པ་ལས་མ་བསྒྲུབས་ན་རྒྱུ་མཚན་འཚོལ་རྒྱུ་མེད་སྐད་ཆ་སྟོང་པ་ཤོད་ཉུང་བ།དངོས་འཛིན་དངོས་སྒྲུབ།ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།སྒྱུར་བཅོས་སྒོ་དབྱེ།མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་སོགས་གཙོ་གནད་ལས་འགན་ལ་དམིགས་ནས།“ལོ་ལྟར་འགྱུར་ལྡོག་ཡོད་པ་དང་ལོ་གསུམ་སྐས་རིམ་གསར་པར་སླེབས་པ་བྱེད་དགོས།

ང་ཚོས་ཞུམ་མེད་མདུན་སྐྱོད་ཀྱི་ཉམས་འགྱུར་དང་། འགག་སྒྲོལ་དཀའ་སེལ་གྱི་དཔའ་ཉམས་ལྡན་པའི་སྙིང་སྟོབས། མཚམས་མི་ཆད་པའི་སྙིང་རུས་བཅས་ལ་བརྟེན་ནས་སེམས་ཤུགས་ཆེར་བསྐྱེད་དང་དཔའ་ངར་ཆེར་བསྐྱེད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་དེང་རབས་ཅན་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་གྱི་གཏན་འཁེལ་བའི་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས།