འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་16ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་སྲིད་གྲོས་ཀྱིས་ཏང་འཛུགས་སྐྱོང་དང་། ཏང་སྲོལ་སྲིད་གཙང་། འདུ་ཤེས་འཛིན་སྟངས་བཅས་ཀྱི་ལས་དོན་ཚོགས་འདུ་འཚོགས་ཤིང་། གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུ་ཡིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་མཇུག་འགྲིལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱི་2023ལོའི་ཏང་འཛུགས་སྐྱོང་དང་། ཏང་སྲོལ་སྲིད་གཙང་། འདུ་ཤེས་འཛིན་སྟངས་བཅས་ཀྱི་ལས་ཀའི་གནས་ཚུལ་གསན་པ་རེད།
རྡོ་རྗེ་དགྲ་འདུལ་གྱིས་ལོ་གཅིག་རིང་། གྲོང་ཁྱེར་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ།ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་སྤྱི་འདོམས་སུ་བྱས་ནས།ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི“འགན་འཁྲིའི་ཞིང་ཁར”དོ་དམ་ཡག་པོ་བྱས་ཏེ། ཆབ་སྲིད་ཀྱི“སྤྱིའི་བསད་སྤར”དམ་པོར་འཛིན་པ་དང་ལམ་ལུགས་འཛུགས་སྐྱོང་གི“མེ་འགོག་གྱང་”བརྟན་དུ་གཏོང་བ།སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་གཏོང་བའི“མཐོ་གནོན་གློག་སྐུད”འཛུགས་པ་བཅས་བྱས་ཏེ།ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་བཞིན་ཡོད་ཅེས་བསྟན་ཡོད།
རྡོ་རྗེ་དགྲ་འདུལ་གྱིས་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱིས་འགོ་འཛུགས་ས་གསར་པར་ལངས་ནས་གོ་སྐབས་གསར་པ་སྟངས་འཛིན་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་སྔར་བས་བརྟན་པོ་དང་། ལས་ཀའི་བྱ་ཐབས་སྔར་བས་ནུས་ལྡན་བཅས་ཀྱི་ཐོག་ནས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། འདུ་ཤེས་འཛིན་སྟངས་བཅས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། དེང་རབས་ཅན་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ལས་སྒོ་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས། གྲོང་ཨུད་ཀྱི་“ཏང་འཛུགས་སྐྱོང་གི་སྲ་བརྟན་ལོའི་”བླང་བྱ་ལྟར། “ངོས་འཛིན་ཡང་བསྐྱར་གཏིང་ཟབ་ཏུ་གཏོང་”བར་དམིགས་པ་དང་། འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ནས་ཏང་འཛུགས་སྐྱོང་གི་ལས་དོན་ཇུས་འགོད་བྱེད་པ། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་དེ་“གཟུགས་ལྡན་ཁེབས་ཚད”ནས“ནུས་ལྡན་ཁེབས་ཚད”བར་འགྱུར་ལྡོག་ཕྱིན་པར་སྐུལ་འདེད་གཏོང་བ། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་“དོན་སྟོང་དངོས་སྒྲུབ་”ཏན་ཏིག་བྱས་ཏེ། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་དང་ལས་སྒོའི་ལས་དོན་ཕན་ཚུན་སྐུལ་འདེད་མཉམ་འཕེལ་བྱེད་པ་མངོན་འགྱུར་ཡོང་བ་བཅས་བྱེད་དགོས། དམ་བསྒྲགས་རྣམ་པ་སྲུང་འཛིན་བྱས་ནས་ཕན་འབྲས་དངོས་གཉེར་དགོས་པ་དང་། སྲིད་གྲོས་ཀྱི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས་ན། སྲིད་གྲོས་ཀྱི་འགན་ནུས་ལ་ཁ་ཕྱོགས་གསལ་པོར་ཕྱེས་ནས་དུས་རབས་གསར་པའི་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་མཐའ་གཅིག་ཏུ་བསྒྲུབ་དགོས་ཞེས་བླང་བྱ་བཏོན་ཡོད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕྲིན་ལས་དང་། ཀྲང་ཧུང་ཅུན། སྟོབས་རྒྱལ། དབྱང་དབྱིན། ཀྲང་ཝན་ལིས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།