འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་17ཉིན་གྱི་ཕྱི་དྲོ།གྲོང་ཁྱེར་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་དག་ཐེར་བཅོས་སྒྲིག་དང་སྒྲིག་སྲོལ་ལམ་ལུགས་བཟོ་བའི་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད།གྲོང་ཨུད་རྒྱུན་ལས་ཨུ་ལྷན་དང་རྩ་འཛུགས་པུའི་པུའུ་ཀྲང་གྲོང་ཁྱེར་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་གཞུང་དོན་ཁང་གི་ཀྲུའུ་རེན་ལི་པིན་ཞུགས་པ་དང་གསུང་བཤད་གནང་བ།
ལི་པིན་གྱིས་དག་ཐེར་བཅོས་སྒྲིག་བྱ་རྒྱུ་ནི་བརྗོད་དོན་་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ཞིང་།གནད་དོན་ཐག་གཅོད་མཐར་ཕྱིན་ཇི་ཙམ་བྱས་ན།གྲུབ་འབྲས་དེ་ཙམ་གྱིས་གཡུར་ཟ་བ་དང་མང་ཚོགས་དེ་ཙམ་གྱིས་ཡིད་ཚིམ་པར་འགྱུར་ངེས་རེད། རྫོང་(ཆུད་)ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ།དག་ཐེར་བཅོས་སྒྲིག་དང་ལམ་ལུགས་འཛུགས་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་“གསར་གཏོད་བཞི”དང་།ལྗོངས་ཡོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དང་།མང་ཚོགས་ལ་ཞབས་ཞུ་བྱས་ཏེ་དམངས་འཚོ་ལེགས་གཏོང་བཅས་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་ཏེ་ལས་དོན་ཁག་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཐོག་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་དགོས་གཏུགས་བསམ་པ་དང་འགན་འཁྲིའི་བསམ་པ།ལས་འགན་སྒྲུབ་སེམས་བཅས་ཆེ་རུ་བཏང་ནས་སྔར་བས་གཟབ་ནན་གྱི་རྣམ་འགྱུར་དང་།སྔར་བས་ཚན་རིག་དང་མཐུན་པའི་བྱ་ཐབས་སྔར་བས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་དག་ཐེར་བཅོས་སྒྲིག་དང་སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ཕན་འབྲས་ཐོན་པ་བྱེད་དགོས་ཞེས་བསྟན་ཡོད།
ལི་པིན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་དུ་བྱུང་བའི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་ཕྱོགས་བསྡོམས་བྱས་ཏེ། མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་གྲི་དངོ་་ནང་ལ་གཏད་དེ་གནད་དོན་ལ་ཞིབ་ལྟ་དག་ཐེར་བྱེད་པ་རྒྱུན་འཁྱོངས་བྱེད་པ།རྒྱུན་རྣམ་ཅན་གྱི་ཕུག་ཕན་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ།བརྗོད་དོན་གཙོ་བོའི་སློབ་གསོ་མཇུག་བསྡུ་བ་ལས་མཇུག་མི་སྒྲིལ་བ་བྱེད་དགོས།དུས་མཚུངས།རིམ་ཁག་ཏང་རྩ་འཛུགས་ཀྱིས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་བརྒྱུད།དཔྱད་ཞིབ་གདེང་འཇོག་དང་མང་ཚོགས་ཀྱི་དཔྱད་བརྗོད་སོགས་ཀྱི་ཐབས་ལམ་གང་ལེགས་སྤྱད་དེ་ཁྱབ་ཁོངས་ཁག་གི་སྔོན་ཐོན་གཞི་རིམ་རྩ་འཛུགས་དང་ཕུལ་བྱུང་ཤེས་ལྡན་མི་སྣ་སྔོག་འདོན་བྱེད་པ་དང་ཚན་རིག་དང་མཐུན་པའི་དཔྱད་འཇོག་དང་བྱ་དགའ་སྤྲོད་པ་དང་ཞན་པར་ཆད་པ་གཅོད་རྒྱུ་མཐའ་འཁྱོངས་བྱས་ཏེ་བྱ་བ་སྒྲུབ་བསམ་པ་དང་།བྱ་བ་སྒྲུབ་ནུས་པ།བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པ་ཁག་གཅིག་ཤེས་རྟོགས་དང་འོས་སྦྱོར་བྱེད་དགོས་ཞེས་ནན་བཤད་གནང་།
ཚོགས་འདུའི་ཐོག་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ནགས་ལས་དང་རྩྭ་ཐང་ཅུས།ཁ་རུབ་ཆུས།གོ་འཇོ་རྫོང་།ལྷོ་རོང་རྫོང་བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་དོན་ཁང་གིས་དག་ཐེར་བཅོས་སྒྲིག་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད།