国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月19日

གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་གིས་སྙིང་གཏམ་ཤོད་པའི་ཚོགས་འདུ་འཚོགས་པ།

ལའོ་ཆིན་འུའུ་ཚོགས་འདུར་ཕེབས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་16ཉིན་གྱི་སྔ་དྲོ།གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་གིས་སྙིང་གཏམ་ཤོད་པའི་ཚོགས་འདུ་འཚོགས་ཏེ།ཚན་ཁག་ཁག་གི་ལས་དོན་སྙན་སེང་གསན་ནས་ད་ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།ཧྲི་ཀྲང་ལའོ་ཆིན་འུའུ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།གྲོང་ཨུད་རྒྱུན་ཨུ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའུ་དབྱིང་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལའོ་ཆིན་འུའུ་ཡིས་འདས་ཟིན་པའི་ལོ་གཅིག་རིང་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་གི་ལས་བྱེད་ལས་བཟོ་ཡོངས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་བླང་བྱ་གཞིར་བཟུང་པ་དང་།ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ།ཆབ་སྲིད་ཀྱི་རིགས་གཞུང་སློབ་སྦྱོང་དང་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ།བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ངར་ཤུགས་ཕྱོགས་གཅིག་ཏུ་སྒྲིམ་ནས་ཕན་འབྲས་ཐོན་པའི་སྒོ་ནས་གཅིག་གྱུར་ཇུས་འགོད་དང་།ཇུས་འདོན་ལག་རོགས།ལྟ་སྐུལ་ཞིབ་བཤེར།ཞབས་ཞུ་འགན་ལེན་སོགས་འགན་ནུས་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བསྟན་པ་རེད།

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་ནི་གྲོང་ཁྱེར་སྲིད་གཞུང་གི་དབང་རྩའི་ལྟེ་བ་ཡིན་པ་དང་།སྲིད་གཞུང་གིས་འགོ་ཁྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པའི་ཇུས་འདོན་ལས་རོགས་ཤིག་ཡིན་པས།འགོ་ཁྲིད་ལ་ཞབས་འདེགས་ཞུ་བ་དང་།གཞི་རིམ་ལ་ཞབས་འདེགས་ཞུ་བ།མང་ཚོགས་ལ་ཞབས་འདེགས་ཞུ་བ་ཡིན་པ་མ་ཟད།འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ཐབས་ཇུས་ལ་ཞབས་འདེགས་ཞུ་བ།དོན་འཁྱོལ་ལ་ཞབས་འདེགས་ཞུ་བའང་ཡིན་པས་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན།གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་གི་ཚན་ཁག་ཁག་གིས་ལས་ཀའི་འཕེལ་ཕྱོགས་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ།ཁེར་ཆད་བཟོད་སྒོམ་ཐུབ་པ་དང་མགོ་སྒུར་ཐུབ་པ།ལས་འགན་དང་ལེན་བྱེད་ཐུབ་པ།འགན་འཁྲི་འཁུར་ཐུབ་པ།དུས་བབ་ཀྱི་རྗེས་ཟིན་ཐུབ་པ་བཅས་བྱེད་དགོས། ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ།ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུའི་ལྟེ་བའི་ལས་འགན་འཕྱུགས་མེད་ངང་སྒྲུབ་པ་དང་།འགོ་ཁྲིད་ཀྱི་ཆ་ནས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྲིད་གཞུང་ལ་ཡང་དག་དུས་ཐོག་དང་སྤུས་ལེགས་ནུས་ཆེའི་ཐབས་ཇུས་ཞབས་ཞུ་མཁོ་འདོན་བྱེད་མཁས་པོ་བྱེད་དགོས།རྩ་དོན་ལ་སྣང་ཆེན་དང་ལག་ལེན་ལ་མཐོང་ཆེན་བྱས་ནས་སྲིད་གཞུང་གི་འགན་ནུས་འགྱུར་ལྡོག་མགྱོགས་སུ་བཏང་སྟེ། བྱེད་སྟངས་རྙིང་པ་དང་།ལམ་སྲོལ་རྙིང་པ།ཐབས་ཤེས་རྙིང་པ་བཅས་མེད་པ་བཟོ་ཕོད་པ་བྱས་ནས་གཞུང་དོན་ཁང་གི“ཞབས་འདེགས་གསུམ”གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།གསར་གཏོད་ལ་སྣང་ཆེན་དང་སློབ་སྦྱོང་བྱེད་མཁས་པོ་བྱས་ནས་གོང་གི་གནས་ཚུལ་གསལ་རྟོགས་དང་འོག་གི་གནས་ཚུལ་གསལ་རྟོགས།གྲོང་ཁྱེར་གྱི་གནས་ཚུལ་གསལ་རྟོགས། རང་གཞན་གྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པའི་རྨང་གཞིའི་ཐོག གཞུང་འཁྱོངས་གསར་འབྱེད་དང་བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འདུ་ཤེས་གསར་པ་དང་།ལྟ་བ་གསར་པ།བྱ་ཐབས་གསར་པ་བཅས་ཀྱི་ཐོག་ནས་གནད་དོན་གསར་པ་ཐག་གཅོད་བྱེད་དགོས།སྒྲིག་ཁྲིམས་ལ་སྣང་ཆེན་དང་ཚད་གཞི་མཐོ་རུ་བཏང་ནས།སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཀའི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ནས་ཡག་ཐོག་ཡག་རྩེག་དང་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་ལས་ཀའི་སྤྱོད་ཚུལ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།